བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གྲོས་གཞི27བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རང་འགན་ནན་ཏན་ངང་སྒྲུབ་པ་དང་ཐབས་ཇུས་ཧུར་ཐག་བཏོན་ཏེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་དེ་ཚེས་22ཉིན་གྱི་ཆུ་ཚོད་8པ་བར་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་ཆེན་ལ་གྲོས་གཞི་27བཏོན་ཡོད་ཅིང་། དེའི་ནང་མིང་མཉམ་འགོད་ཀྱི་གྲོས་གཞི་6དང་མི་སྒེར་གྱི་གྲོས་གཞི་21ཡོད་པ་རེད། ཨུ་ཡོན་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་སྲིད་ཞུགས་སྲིད་གླེང་གི་སྤྲོ་སེམས་ཆེན་པོ་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་གྲོས་གཞི་བརྒྱུད་རིགས་པས་ཁུངས་སྐྱེལ་དང་། ཐབས་མཆོག་འདོན་པ། བྱེད་ཐབས་དངོས་འདོན་བཅས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།