ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས20ཉིན། ནག་ཆུ་གྲོང་ཁྱེར་གྱི་གློག་རྡུལ་ཚོང་འདུས་སྐབས་དང་པོ་གཉེར་འགོ་ཚུགས་པ་དང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱིས་དྲ་རྒྱའི་ཐད་གཏོང་ཁང་བརྒྱུད་རྒྱ་ཆེའི་དྲ་ཐོག་འཛད་སྤྱོད་པ་དང་སྤེལ་རེས་གནང་ནས། ནག་ཆུའི་ཚགས་ཤ་དང་རྩམ་པ་སོགས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་གནང་ཡོད།
འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གློག་རྡུལ་ཚོང་འདུས་རིང་མཉམ་འབྲེལ་དྲ་རྒྱའི་སྟེགས་བུ་སོགས་ལ་བརྟེན་ནས། ནག་ཆུའི་མཛེས་ལྗོངས་དང་ཞིམ་ཟས། ཡུལ་ཟོག་སོགས་འོས་སྦྱོར་བྱས་ཏེ། ནག་ཆུའི་གློག་རྡུལ་ཚོང་ལས་གོང་འཕེལ་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ཞིང་འབྲོག་པ་དང་དེ་ཁུལ་ཁེ་ལས། མཉམ་ལས་ཁང་བཅས་ཀྱི་ཡོང་འབབ་འཕར་ཐབས་བྱ་རྒྱུ་རེད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཨུད་ཀྱི་ཧྲུའུ་ཅི་ལིའི་ཏུང་ནས། ང་ཚོས་དེང་སྐབས་དར་ཁྱབ་ཆེ་བའི་དྲ་ཐོག་མིང་ཅན་གྱིས་ཅ་དངོས་འོས་སྦྱོར་གྱི་ཐད་གཏོང་བྱ་ཐབས་བརྒྱུད། མང་ཚོགས་རྣམས་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་པ་དང་ཆབས་ཅིག་ཡུལ་ཟོག་བཙོང་ཐུབ་པ་བྱ་རྒྱུ་མ་ཟད། ཁྱད་ལྡན་བློ་གསར་ཐོན་རྫས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་ཐུབ་པ་བྱ་རྒྱུ་ཡང་ཡིན་ཞེས་གསུངས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ནག་ཆུས་གློག་རྡུལ་ཚོང་འདུས་སྐབས་དང་པོ་གཉེར།