ལྷ་ས་ནས་སེམས་ཀྱི་ཉི་ཟླ་དང་ཀོང་ཀྲུའུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ།

QQ截图20200521134445.jpg

ལྷ་ས-སེམས་ཀྱི་ཉི་ཟླ-ཀོང་ཀྲུའུ་བར་གྱི་གནམ་གྲུ་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ5བའི་ཚེས21ཉིན་ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཀུང་སི་ཡིས་ལྷ་ས་ནས་སེམས་ཀྱི་ཉི་ཟླ་དང་ཀོང་ཀྲུའུ་བར་གྱི་འགྲོ་འོང་གི་མཁའ་ལམ་གསར་བ་བཏོད་དེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ནས་སེམས་ཀྱི་ཉི་ཟླ་དང་ཀོང་ཀྲུའུ་བར་གྱི་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་ཨང་རྟགསMU5773ཡིན་ལ། དུས་གཏན་གནམ་གྲུའི་དུས་ཚོད་ཉིན་རེར་ཐེངས་རེ་དང་། གནམ་གྲུའི་བཟོ་དབྱིབས་ནི737ཡིན། ལྷ་ས་ནས་འཕུར་བའི་དུས་ཚོད19:20 ། སེམས་ཀྱི་ཉི་ཟླ་རུ་སླེབས་པའི་དུས་ཚོད21:25 ། དུས་ཚོད22:25ཐོག་སེམས་ཀྱི་ཉི་ཟླ་ནས་འཕུར་ཞིང་། ཀོང་ཀྲུའུ་རུ་སླེམས་པའི་དུས་ཚོད01:15བཅས་ཡིན། ཡང་ཀོང་ཀྲུའུ་ནས་སེམས་ཀྱི་ཉི་ཟླ་དང་ལྷ་ས་བར་གྱི་མཁའ་ལམ་གྱི་དུས་གཏན་གནམ་གྲུའི་ཨང་རྟགས་ནིMU5774ཡིན་ལ། དུས་གཏན་གནམ་གྲུའི་དུས་ཚོད་ཉིན་རེར་ཐེངས་རེ་དང་། གནམ་གྲུའི་བཟོ་དབྱིབས་ནི737ཡིན ། ཀོང་ཀྲུའུ་ནས་དུས་ཚོད་09:05ཐོག་འཕུར་ཞིང་། དུས་ཚོད11:50ཐོག་སེམས་ཀྱི་ཉི་ཟླར་སླེབས་པ་དང་། སེམས་ཀྱི་ཉི་ཟླ་ནས་དུས་ཚོད12:35ཐོག་འཕུར་ཞིང་། ལྷ་ས་རུ་དུས་ཚོད14:50ཐོག་སླེབས་པ་བཅས་ཡིན།

 ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ལྷ་ས་ནས་སེམས་ཀྱི་ཉི་ཟླ་དང་ཀོང་ཀྲུའུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་དེ་ནི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིས་རྒྱལ་ཁབ་ཀྱི་གནད་འཕིགས་དབུལ་སྐྱོར་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱས་པ་དང་། ལས་རིགས་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། མཁའ་ལམ་ཤར་གཏོང་ཐུབ་པ་དེས“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་བོད་ལྗོངས་དང་སེམས་ཀྱི་ཉི་ཟླས་ལས་ཐོན་བསྐྱར་ཚུགས་ཐུབ་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།