མངའ་རིས་ས་ཁུལ་གྱི་ལས་རིགས་སློབ་གྲྭས་ལས་རིགས་སློབ་གསོ་ལ་བརྟེན་ནས་དབུལ་ཐར་བྱ་བར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་བ་ནས་བཟུང་། མངའ་རིས་ས་ཁུལ་ལས་རྩལ་སློབ་གྲྭས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་དོན་ཆེན་དང་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། རོང་འབྲོག་པའི་དབུལ་ཐར་བསམ་བློ་སློབ་གསོ་དང་། སློབ་མའི་སློབ་བསྡུ་ལས་ཞུགས། ཆ་སྒྲིག་རོགས་སྐྱོར་དང་རོང་འབྲོག་པའི་གསོ་སྦྱོང་སོགས་ཀྱི་ཕྱོགས་ནས་འགོ་བརྩམས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བ་ནན་ཏན་གྱིས་སྒྲུབ་པར། གནད་འཕིགས་དབུལ་ཐར་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།

ཉེ་བའི་ལོ་འགའི་རིང་ལ། མངའ་རིས་ས་ཁུལ་ལས་རིགས་སློབ་གྲྭས་སྔ་གཞུག་ཏུ་མགྲོན་ཁང་དང་། སྣེ་ཤན་པ། མི་རིགས་རོལ་དབྱངས། རླངས་འཁོར་ཞིག་གསོ་སོགས་ཆེད་ལས་ཀྱི་སློབ་མ་རྩ་འཛུགས་བྱས་ཏེ་ནང་ལོག་ས་ཁུལ་དུ་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་མངགས། སློབ་མ129ལྟ་སྐོར་སློབ་སྦྱོང་དང་གསོ་སྦྱོང་ཐེངས་ལྔ་བྱེད་པར་བཀོད་སྒྲིག་བྱས། དགེ་སློབ་རྩ་འཛུགས་བྱས་ཏེ་སྒར་རྩེ་རྫོང་དང་། རུ་ཐོག་རྫོང་། སང་གེ་ཁ་འབབ་གྲོང་རྡལ་སོགས་ཁང་ལིའུ་ཁུལ་གསར་དུ་ལས་རིགས་ལག་རྩལ་གསོ་སྦྱོང་ཐེངས6སྤེལ། སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་དང་། དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་འགྲེམ་བཤད་སོགས་སློབ་གསོའི་བྱ་འགུལ་ཐེངས61སྤེལ་ནས། བསམ་བློའི་རྩ་བ་ནས་དབུལ་ཕོངས་ཐག་གཅོད་དང་དབུལ་བོ་མེད་པར་བཟོས།

དབུལ་སྐྱོར་བྱ་བའི་སྤྱི་བསམ་ཕྱོགས་ལྟར། སློབ་གསོའི་གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་ཐར་བྱ་བར་སྐུལ་འདེད་ཟབ་མོ་བཏང་སྟེ། སློབ་གསོ་ལ་བརྟེན་ནས་དབུལ་ཕོངས་ས་ཁུལ་དང་ཁྱིམ་ཚང་དབུལ་བོའི་རང་སྟེང་གི་འཕེལ་རྒྱས་ནུས་ཤུགས་ཇེ་མཐོར་བཏང་། ལོ4ཡི་རིང་ལ། བསྡོམས་པས་སློབ་མ1127བསྡུ་ལེན་བྱས་ལ། དེའི་ཁྲོད་དབུལ་ཐར་མཁྲེགས་གཏོར་ཐད་ནད་ཆེད་དུ་སློབ་མ261བསྡུས་པ་དང་། ཆེད་དོན་སློབ་མ34ལས་ཞུགས་བྱེད་པར་དམིགས་བསལ་དུ་མཚམས་སྦྱོར་བྱས།

རོང་འབྲོག་པའི་ལག་རྩལ་གསོ་སྦྱོང་སྤེལ་བར་ཤུགས་བསྣན་ཏེ། ལག་རྩལ་གསོ་སྦྱོང་དང་སེམས་ཁམས་དབུལ་སྐྱོར་སློབ་གསོ་ཟུང་འབྲེལ་བྱས་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་ནུས་ལ་བརྟེན་ནས་འཚོ་བ་རོལ་རྒྱུ་དང་ལས་གནས་གདམ་གསེས་བྱེད་པར་སྣེ་ཁྲིད་གང་ལེགས་བྱས། ལོ4ཡི་རིང་ལ། བསྡོམས་པས་རོང་འབྲོག་པའི་གསོ་སྦྱོང་ཐེངས24བཀོད་སྒྲིག་བྱས་ཏེ། ཁྱིམ་ཚང667ཡི་མི1698གསོ་སྦྱོང་ཁྲོད་ཞུགས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།