བོད་ལྗོངས་ཀྱིས་རྫོང53ལ་བོད་སྨན་ཐོན་ཁུངས་ཡོངས་བཤེར་བྱས་ཟིན།

W020200520387812057016.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པས་ལྗོངས་སྨན་རྩིས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྨན་ཐོན་ཁུངས་ལ་རེས་སྐོར་གསར་པའི་ཡོངས་བཤེར་བྱེད་པའི་ཁྲོད། རྫོང20ལ་ཡོངས་བཤེར་བྱས་ཟིན་ནས་དངོས་དཔེ5600ལྷག་ཙམ་འཚོལ་བསྡུ་ཐུབ་པ་དང་།  ད་ཆ་རང་ལྗོངས་ཀྱི་རྫོང53ལ་བོད་སྨན་ཐོན་ཁུངས་ཡོངས་བཤེར་བྱས་ཟིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། འཚོལ་བསྡུ་བྱས་པའི་དངོས་དཔེ་དག་གི་སྨན་རྩྭའི་སྐྱེ་ཡུལ་དང་། ས་བབ། གོ་ལའི་འཕྲེད་གཞུང་ཚད། སྐྱེ་འཚར་ཁྱད་ཆོས་སོགས་ཀྱི་ནང་དོན་ཞིབ་ཕྲ་བཀོད་ནས་དེ་དག་གི་ཆ་འཕྲིན་འཐུས་སྒོ་ཚང་དུ་བཏང་ཡོད།

དེ་ཡང་གསལ་འགྲེལ་བྱེད་དགོས་པར།  དེ་སྔོན་བཏོན་པའི་བོད་ཀྱི་རྩི་ཤིང་རྣམ་བཤད་ཅེས་པ་དང་ཀྲུང་གོའི་རྩི་ཤིང་རྣམ་བཤད་ཅེས་པའི་དེབ་དེ་གཉིས་ནང་བཀོད་པའི་གྲངས་གཞི་དང་བསྡུར་ན།  ད་ཐེངས་ཀྱི་ཡོངས་ཤེར་ཁྲོད།  བོད་ཀྱི་རྫོང་ཁག་ཏུ་རྩི་ཤིང་རིགས་མང་པོ་གསར་དུ་བཙལ་རྙེད་ཐུབ་ཡོད་པ་དེས།  ཡོངས་བཤེར་བྱེད་ཡུལ་ཁྱབ་ཁོངས་ཆེ་བ་མངོན་ཡོད་ལ།  སྨན་རྩྭ་ཁྱབ་ཚུལ་ཤེས་རྟོགས་ཐུབ་ཚད་ཀྱང་ཆེས་ཆེར་ཕྱིན་ཡོད།

བོད་ལྗོངས་ཀྱིས་ད་བར་བརྒྱ་ཆ70ཡི་རྫོང་ཁག་ཏུ་ཡོངས་བཤེར་བྱས་ཟིན་ཤིང་།  དེ་འཕྲོས་ཀྱི་རྫོང21ལ་ཡོངས་བཤེར་བྱེད་པའི་ལས་དོན་ད་ལོར་ལེགས་སྒྲུབ་ཐུབ་པ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།