གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱད་དེ་དྲ་མིག་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་འགྲོ་བར་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྤྱི་བདེའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། ཆུ་ཐིགས་བསགས་པས་རྒྱ་མཚོ་ཞེས་པའི་དཔེ་ལྟར་མང་པོ་མཉམ་འཛོམས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། མཉམ་འདུས་དམག་འཐབ་དང་སྤྱི་ཡོངས་ཀྱི་དམག་འཐབ་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་གཙོ་བོ་དང་གཙོ་རྐང་དང་། ལྷུ་ཚིགས་གལ་ཆེན། དཔེ་མཚོན་གལ་ཆེན་བཅས་ལ་དམ་པོར་དམིགས་པ། གཅིག་གྱུར་ཐོག་གྲོས་གཞི་འདོན་པ་དང་། གོང་འོག་མཐུན་སྦྱོར་གྱིས་ཤུགས་རྒྱག་པ། ཕྱི་ནང་མཉམ་འགུལ་གཏིང་ཟབ་བྱེད་པ། དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། སྨྱན་སྦྱོར་གསར་པའི་བརྩམས་བྱ་ཁག་འཆར་འགོད་བྱས་ནས་འདོན་པ་བཅས་བྱས་ཏེ་སྤྱི་བདེ་ལས་ཁུངས་ཀྱི་གཙོ་ཁྲིད་གླེང་ཕྱོགས་ཀྱི་གསུང་སྒྲ་ཆེ་རུ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་བ་དང་། སྤྱི་ཚོགས་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ནས་སྤྱི་བདེའི་ལས་དོན་གྱི་གྲུབ་འབྲས་དང་དཔུང་ཁག་གི་གཟུགས་བརྙན་བཟང་པོ་མངོན་པ། སྤྱི་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་སོང་བ་བཅས་བྱུང་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་སྨྱན་སྦྱོར་གསར་པ་འཕེལ་རྒྱས་དང་གསར་གཏོད་ལ་དམ་པོར་དམིགས་པ་དང་། “ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་ཞུ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་སྲུང”བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱེད་པ། དྲ་རྒྱའི་སྨྱན་སྦྱོར་གསར་པས་སྤྱི་བདེའི་དྲིལ་བསྒྲགས་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དང་འགྲན་སློང་གསར་པ་དང་འཚམ་གང་ཐུབ་བྱེད་པ། རང་རྟོགས་ངང“གོམ་སྟབས་གསུམ”གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བཅས་བྱས་ཏེ་སྤྱི་བདེའི་ལྟེ་བའི་ལས་དོན་ལ་སྔར་བས་ཞབས་འདེགས་ཞུ་བ་དང་། སྤྱི་བདེའི་སྨྱན་སྦྱོར་གསར་པའི་ཚོགས་སྤྱིའི་ལེགས་ཆ་གང་ལེགས་སྤྱད་དེ། སྤྱི་བདེའི་གསུང་སྒྲ་ཡག་པོ་སྒྲོག་པ་དང་། ཉེན་རྟོག་པའི་གཏམ་རྒྱུད་ཡག་པོ་བརྗོད་པ། དཔུང་ཁག་གི་གཟུགས་བརྙན་བཟང་པོ་གཏོད་པ། ཉེན་དམངས་འབྲེལ་བ་དམ་ཟབ་བཅས་ཡོང་བ་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་བདེའི་ལས་དོན་དང་སྤྱི་བདེའི་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དུས་རབས་གསར་པའི་སྤྱི་བདེའི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དང་། སྤྱི་བདེའི་སྨྱན་སྦྱོར་གསར་རྐྱང་ཞིག་བཙུགས་ཡོད། གཞིས་རྩེའི་ཉེན་རྟོག་ཕྱོགས་དང་ཇོ་མོ་གླང་མའི་ཉེན་དོན་གཡུལ་ས་གཙོ་བོར་བྱེད་པ་དང་། གཞི་རིམ་སྤྱི་བདེའི་སྨྱན་སྦྱོར་གསར་པའི་ལས་སྟེགས་33རྒྱ་སྐྱེད་གཏོང་ཡུལ་དུ་བྱས་ནས་མཉམ་འགུལ་ལམ་སྲོལ་ཞིག་ཆགས་པར་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་བདེའི་དྲིལ་བསྒྲགས་ལ་རམ་འདེགས་ནུས་ལྡན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།