བོད་ལྗོངས་ཀྱིས་དབུལ་ཕོངས་མང་ཚོགས་ལ་དམིགས་བསལ་གྱི་སྨན་བཅོས་སྲིད་ཇུས་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་ལམ་ལུགས་ཀྱི་བྱེད་ནུས་ལ་གཞི་ཚུགས་ཏེ་དབུལ་ཕོངས་མང་ཚོགས་ལ་དམིགས་བསལ་གྱི་སྨན་བཅོས་སྲིད་ཇུས་ལག་བསྟར་བྱས་ཤིང་།《བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུའུ་ཡིས་ནད་གཞིའི་རྐྱེན་གྱིས་དབུལ་བོར་འགྱུར་བ་དང་ནད་གཞིའི་རྐྱེན་གྱིས་དབུལ་བོར་བསྐྱར་ལོག་སྔོན་འགོག་བྱེད་པའི་བྱ་བའི་ཇུས་གཞི(ཚོད་ལྟའི་ལག་བསྟར)》ཆེད་དུ་གཏན་འབེབས་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ནད་ཀྱི་རྐྱེན་གྱིས་དབུལ་བོར་གྱུར་བ་དང་ནད་ཀྱི་རྐྱེན་གྱིས་སླར་ཡང་དབུལ་བོར་བསྐྱར་ལོག་བྱས་པའི་གནས་ཚུལ་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ནས། 2016ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་ནད་གཞིས་རྐྱེན་གྱིས་དབུལ་བོར་གྱུར་བ་དང་ནད་གཞིས་རྐྱེན་གྱིས་དབུལ་བོར་བསྐྱར་ལོག་བྱས་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་མང་ཚོགས་དབུལ་བོ་མི་འབོར་ཁྲི6.33ལ་གནད་འཕིགས་སྐྱོབ་བཅོས་བྱས་ཡོད། སྨན་བཅོས་འགན་སྲུང་དབུལ་སྐྱོར་ལས་དོན་སྤེལ་བ་ནས་བཟུང་། བོད་ལྗོངས་སུ་མང་ཚོགས་དབུལ་བོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་པ་དང་འབྲེལ་རོགས་དངུལ་སྤྲད་དེ་འགན་བཅོལ་ཁྲོད་ཞུགས་ཡོད། དེའི་ཁྲོད་རོང་འབྲོག་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། དབང་བོ་སྐྱོན་ཅན་ཚབས་ཆེན་མི་སྣ། དྭ་ཕྲུག མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་བཅས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་ཚང་མ་ཁ་གསབ་སྤྲོད་རྒྱུ་དང་། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ཞིང་སྡེའི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཡིག་ཚགས་དང་བྱང་བུ་བཟོས་པའི་མང་ཚོགས་དབུལ་བོར་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཆ་ཤས་ལ་གྲངས་བཅད་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ལེན་ཆེད། གྲོང་ཁྱེར་དང་ཞིང་སྡེའི་དབུལ་ཕོངས་མི་འབོར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི5%ཡི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཇེ་མཐོར་བཏང་བ་དང་། ནད་ལྕི་མོའི་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཚད་གཞི50%ཇེ་དམའ་རུ་བཏང་ནས། 5%ཡི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཇེ་མཐོར་བཏང་ཡོད་དེ། མཐོ་ཚད་ཀྱི་ཚད་གཞི་མེད་པར་བཟོས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།