རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ལ་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་པེ་ཅིན་དུ་འབྱོར་བ།

༡.jpg

ཟླ5པའི་ཚེས20ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་བོད་ལྗོངས་ཀྱི་ཨུ་ཡོན་གྱིས་པེ་ཅིན་དུ་བསྐྱོད་པའི་ལམ་བར་དུ་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་ཐོག་ཐབས་འདོན་ཇུས་འདོན་དང་ལས་འགན་གཙང་སྒྲུབ་བྱེད་དགོས་མིན་སྐོར་ལ་སྤེལ་རེས་བྱེད་བཞིན་པ།

༢.jpg

ཟླ5པའི་ཚེས20ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་བོད་ལྗོངས་ཀྱི་འཐུས་མི་པེ་ཅིན་དུ་འབྱོར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གྱི་ཆུ་ཚོད13སྟེང་།  ལྷ་ས་ནས་པེ་ཅིན་དུ་འཕུར་བའིCA4126དུས་གཏན་གནམ་གྲུ་རྒྱལ་སའི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བདེ་བླག་ངང་བབས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་བོད་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་དང་རེ་སྒུག་ཡིད་ལ་བཅངས་ནས་བདེ་བླག་ངང་པེ་ཅིན་དུ་འབྱོར་བ་རེད། 

འཐུས་མི་དང་ཨུ་ཡོན་ཚོས་བསྟན་དོན། ད་ལོའི་རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ནི་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་བའི་དམིགས་བསལ་རྒྱབ་ལྗོངས་འོག་འཚོགས་པས་དེ་ནི་དམིགས་བསལ་གྱི་གྲོས་ཚོགས་གཉིས་ཡིན་པ་མ་ཟད། དུས་མཚུངས་སུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུ་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཚང་མས་མི་སྣ་གཙོ་བོའི་འདུ་ཤེས་དྲག་པོ་བཅངས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཐབས་འདོན་ཇུས་འདོན་དང་རང་འགུལ་ངང་ལས་འགན་གཙང་སྒྲུབ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ལས་རིགས་ཁག་གི་མི་སྣའི་ཚབ་བྱས་ཏེ་རང་ཁྱིམ་རང་བདག་གི་དབང་ཆ་ཡག་པོ་སྤྱོད་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་ནས་ཚོགས་འདུ་གཉིས་ལ་ཞུགས་རྒྱུ་ཡིན་ཟེར།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།