མངའ་རིས་ས་ཁུལ་གྱིས་གཤམ་སྤེལ་ལྔའི་ཞབས་ཞུ་བྱ་འགུལ་སྤེལ་ཏེ་མང་ཚོགས་ལ་དངོས་ཕན་སྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མངའ་རིས་ས་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་མངའ་རིས་ས་ཁུལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱ་འགུལ་གཞུང་སྒྲུབ་ཁང་། ས་ཁུལ་དཔལ་ཡོན་གཞུང་སྒྲུབ་ཁང་བཅས་ཀྱིས་ས་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་རུ་ཐོག་རྫོང་གི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ། རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོ་རུ་མངའ་རིས་ས་ཁུལ་གྱི2020ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་ཞེས་གཤམ་སྤེལ་ལྔའི་བྱ་འགུལ་སྤེལ་ཏེ། ས་གནས་དེའི་མང་ཚོགས་ལ་ཐུགས་འཁུར་གནང་སྟེ་དང་དངོས་ཕན་སྐྲུན།

རིག་རྩལ་འཁྲབ་སྟོན་མཇུག་རྫོགས་རྗེས། འབྲེལ་ཡོད་སྡེ་ཁག་གིས་དྲིལ་བསྒྲགས་སྒྲོག་འགྲེལ་དང་། དངོས་རྫས་དང་དྲིལ་བསྒྲགས་ལག་དེབ་འགྲེམ་གཏོང་། ཡུལ་དངོས་ནས་ཞབས་ཞུ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། རིག་གནས་ཤེས་བྱ་དང་ཚན་རིག་ཤེས་བྱ། འཕྲོད་བསྟེན་ཤེས་བྱ། སྨན་བཅོས་ཞབས་ཞུ། ཁྲིམས་ལུགས་ཞབས་ཞུ་བཅས་མང་ཚོགས་ཀྱི་མདུན་དུ་སྐྱེལ་ནས། མང་ཚོགས་རྣམས་ཀྱིས་ཁྱིམ་གྱི་སྒོ་ཁ་ནས་དམངས་ཕན་སྲིད་ཇུས་ལོངས་སྤྱོད་བྱས།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ལས་ལྕགས་སྒང་གྲོང་ཚོའི་མང་ཚོགས150ལྷག་ལ་ཁེ་ཕན་ཐོབ་པ་དང་། ས་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རིགས་སོ་སོའི་དྲིལ་བསྒྲགས་ལག་དེབ300ལྷག་འགྲེམ་གཏོང་བྱས་ཏེ། ས་ཁུལ་མི་དམངས་སྨན་ཁང་དང་བོད་སྨན་ཁང་གིས་མཉམ་དུ་མང་ཚོགས་མི་ཐེངས200ལྷག་གི་ལུས་པོར་བརྟག་དཔྱད་བྱས། རུ་ཐོག་རྫོང་མི་དམངས་སྨན་ཁང་གིས་མང་ཚོགས་མི་ཐེངས100ལྷག་ལ་སྨན་བཅོས་བྱས་ཤིང་། རུ་ཐོག་རྫོང་གི་ཁོངས་གཏོགས་ལས་ཁུངས་གཞན་དག་གིས་རིགས་སོ་སོའི་ཡིག་ཆ1000ལྷག་འགྲེམ་གཏོང་བྱས།

ཐེངས་འདིའི“གཤམ་སྤེལ་ལྔའི”བྱ་འགུལ་སྐབས་སུ་རིག་རྩལ་འཁྲབ་སྟོན་དང་རིག་གནས་གཤམ་སྤེལ་བྱས་པ་བརྒྱུད། ཚན་རྩལ་ཞབས་ཞུ་དང་ཚན་རིག་ཁྱབ་གདལ་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་བ་དང་། སྨན་བཅོས་ཞབས་ཞུ་དང་། སྨན་བཅོས་སྨན་སྐྱེལ། སྲིད་ཇུས་འགྲེལ་བཤད། བཅའ་ཁྲིམས་ཤེས་བྱ་གྲོང་ཚོར་ཁྱབ་པ་དང་རྒྱལ་གཅེས་ཆོས་གཅེས་དྲིལ་བསྒྲགས། བུད་མེད་དང་བླངས་ཞབས་ཞུ་སོགས་འཚོ་བ་དང་། གཞི་རིམ། མང་ཚོགས་བཅས་དང་ཉེ་བཅར་གྱི་བྱ་འགུལ་རབ་དང་རིམ་པ་གཏིང་ཟབ་སྤེལ་ཏེ། “གཤམ་སྤེལ་ལྔའི”བྱ་འགུལ་དེ་གཞི་རིམ་དུ་བསྐྱོད་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པ། དྲོད་ཁོལ་སྐྱེལ་བ། དྲང་ནུས་དར་སྤེལ་གཏོང་བ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།