ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཐོན་ལས་གོང་འཕེལ་བཏང་ནས་གྲོང་གསེབ་དར་རྒྱས་ཡོང་བ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཤར་ལྷོའི་ཁུལ་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དེ་ཉིད་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དང་གནམ་གཤིས་ཡག་ལ་ས་རྒྱུ་གཤིན་པོ་ཡོད་པ་མ་ཟད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡང་ཡོད།  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཐོན་ལས་གོང་འཕེལ་གྱི་བསམ་ཕྱོགས་གཞིར་བཟུང་ལོ་ལྔ་ཚན་བཅུ་བཞི་པའི་རྣམ་གྲངས་ཀྱི་འཆར་གཞི་སྔ་སྣུར་དུ་གཅིག་གྱུར་འཆར་འགོད་ཐོག  ཐོན་ལས་ལེགས་འགྱུར་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་འཕར་གཞི་གསར་པ་གང་མགྱོགས་ཆགས་པ་བྱས་ཏེ།  གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

ཉེ་བའི་ལོའི་ནང་།  བྲག་ཡིབ་ཆུས་ཀྱིས་ཡུལ་སྐོར་ཐོན་ལས་རིམ་སྤོར་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཆེད་ཡུལ་སྐོར་འཆར་འགོད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས།  ཁུལ་ཡོངས་ཡུལ་སྐོར་གྱི་འཆར་འགོད་བཟོ་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ།  སྔ་རྗེས་སུ་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་དང་རྡོ་ཕུར་མཚོ་སྐོར་བའི་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་འཆར་འགོད་བརྒྱད་ལེགས་སྒྲུབ་བྱས་པ་རེད།  ན་ནིང་བྲག་ཡིབ་ཆུས་ནས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ215ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར19ལྷག་ཙམ་བྱུང་ཡོད།  དེ་དང་ཆབས་ཅིག་རྒྱུན་མཐུད་དམངས་འཚོ་ལེགས་བཅོས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད་བྲག་ཡིབ་ཆུས་ཀྱིས་ཕག་ལྟོ་ལས་སྣོན་དང་ཕག་ཕྲུག་གསོ་སྤེལ།  ཕག་པ་གསོ་སྤེལ་དང་ལས་སྣོན་བཅས་ཀྱི་རྟེན་གཞི་སྐྲུན་ཤུགས་ཆེ་རུ་བཏང་བས་ཕག་གསོའི་ཐོན་ལས་འཁོར་སྦྲེལ་སྤྱིར་ན་གྲུབ་པ་དང་།  ཉིང་ཁྲི་གྲོང་ཁྱེར་གྱི་བྱ་གསོ་ར་བའི་རྟེན་གཞི་ཆེ་ཤོས་དེ་སྐྲུབན་ནས་བྱ་རིགས་ཁྲི་ཚོ55གསོ་ཚགས་བྱས་པ།  བྲག་ཡིབ་ཆུས་སྔོ་ཚལ་རྟེན་གཞིའི་རྒྱ་ཁྱོན་མུའུ9000ལྷག་ཙམ་ཟིན་པ་དང་།  གནོད་མེད་ཞིང་ཞོར་ཐོན་རྫས30ལ་རང་སྐྱོང་ལྗོངས་ཁས་ལེན་དཔང་འདོན་ཐོབ་པ།  འབྲས་ཤིང་འདེབས་འཛུགས་རྟེན་གཞིའི་འདེབས་ཁྱོན་མུའུ18000ཟིན་པ་མ་ཟད།  ཤིང་འབྲས་གྲང་ཉར་བྱེད་སའི་དྲོད་སྙོམས་མཛོད་ཀྱི་རྣམ་གྲངས་བསྐྲུན་ནས་འབྲས་ཤིང་ཐོན་ལས་འཁོར་སྦྲེལ་སྣུར་སྲིང་ནུས་ལྡན་བཅས་བྱས་ཡོད།

ན་ནིང་བྲག་ཡིབ་ཆུས་སུ་ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.5ཟིན་པ་དང་ཞིང་འབྲོག་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.83ཟིན་ཡོད།  གཞན་ཡང་སྤྱི་ལོ2019ལོའི་ཟླ་བ་བདུན་པར་དངོས་སུ་སྤྱོད་འགོ་ཚུགས་པའི་བྲག་ཡིབ་ཆུས་བྲག་ཕྱི་ཟོག་འགྲེམ་གླིང་ཁུལ་བརྒྱུད་ལོ་ལྟར་བྲག་ཕྱི་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་ཚོ200བཏོད་པ་དང་།  ཟོག་འགྲེམ་གླིང་ཁུལ་སྐྲུན་པའི་ཁྲོད་དེ་ཁུལ་མང་ཚོགས་ལ་ངལ་རྩོལ་དང་འཕྲུལ་ཆས་ཀྱི་གྲོན་དངུལ་སྒོར་ཁྲི་ཚོ1600བྱུང་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།