ཉིང་ཁྲི་གྲོང་ཁྱེར་གྱིས་རིག་དངོས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བར་འཕེལ་རིམ་གསར་པ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། ལོ་གཅིག་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་རིག་དངོས་སྲུང་སྐྱོབ་དང་འདུ་འགོད་དོ་དམ་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་ནན་པོ་བསྟར་ཏེ། རྣམ་གྲངས་འཆར་འགོད་དང་། ལྟ་འདོམས། ཨར་སྐྲུན་ལ་ལྟ་འདོམས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། འདུ་འགོད་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ། རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་ལ་དོ་དམ་ནན་པོ་བྱེད་པ་བཅས་ཀྱིས་རིག་དངོས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བར་འཕེལ་རིམ་གསར་པ་བྱུང་བ་རེད།

“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་ཨང་དང་པོ། བེད་སྤྱོད་ལུགས་མཐུན། དོ་དམ་ལ་ཤུགས་སྣོན”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་པ། ཉིང་ཁྲི་གྲོང་ཁྱེར་གྱིས《རིག་དངོས་བདེ་འཇགས་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེ》ཡི་བླང་བྱ་གཞིར་བཟུང་། ཁོངས་གཏོགས་དོ་དམ་གྱི་རྩ་དོན་ལ་གཞིགས་པ་དང་། རིག་དངོས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ། སྤྱི་བདེ་དང་། མི་རིགས་ཆོས་ལུགས། རྒྱལ་ཁབ་ས་ཆ། སྡོད་ཁང་འཛུགས་སྐྲུན། མེ་ཟོན་སོགས་སྡེ་ཚན་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན། རིག་དངོས་བདེ་འཇགས་ཀྱི་གྲལ་བཤེར་དང་རྒྱུན་གཏན་གྱི་བདེ་འཇགས་སྐོར་བཤེར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་མངོན་གསལ་དོད་པའི་གནད་དོན་དག་ཐེར་ཏན་ཏིག སྐོར་བཤེར་གྱི་རྩིས་ཁྲ་ཐོ་འགོད་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་རིག་དངོས་ཀྱི་ལས་དོན་ལ་ཟིན་ཐོ་ཡོད་པ་དང་བྱས་པའི་ཤུལ་ཡོད་པའི་འགན་ལེན་བྱས་ཡོད།

བདེ་འཇགས་དོ་དམ་གྱི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་བཏང་བ། ཉིང་ཁྲི་གྲོང་ཁྱེར་གྱིས་རིག་དངོས་སྲུང་སྐྱོབ་ཚན་པའི་གློག་རླངས་དྲ་གསུམ་གྱི་ལམ་སྒྱུར་བཀོད་ལས་དོན་སྤེལ་ཏེ། མེ་ཟོན་དང་། རྐུ་ཟོན། འཕྲོག་ཟོན་སོགས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ཁུལ་གྱི་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་བ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།