གཞིས་ཀ་རྩེ་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་ཉིན་མོའི་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡིས་བསམ་འགྲུབ་རྩེ་ཆུས་སློབ་འབྲིང་གཉིས་བ་དང་མཉམ་དུ“འདྲ་མཉམ་ལ་གཞོལ་བའི་དངོས་མང་བཤམས་སྟོན་ཁང་སྟེ། སྣ་མང་དང་ཁོང་ཡངས”ཞེས་པ་བརྗོད་བྱར་བྱས་པའི“རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་སྤེལ་ཞིང་། དངོས་མང་བཤམས་སྟོན་ཁང་གི་ད་ཡོད་གསོག་ཉར་དངོས་རྫས་བེད་སྤྱད་དེ། རྣམ་པ་སྣ་ཚོགས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་འགྲེམ་སྟོན་བྱས་ཏེ། རྒྱ་ཆེའི་གྲོང་མི་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ལོ་རྒྱུས་ཤེས་རྟོགས་དང་རིག་དངོས་ལ་དགའ་ཞེན་ཆེ་བ། གཞོན་ནུ་ལོ་ཆུང་སློབ་མའི་རིག་དངོས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་དངོས་མང་བཤམས་སྟོན་ཁང་དེ་ཀྲུང་ཧྭའི་དཔལ་ཡོན་འགྲེམ་སྟོན་དང་། རྒྱལ་ཁབ་ཀྱི་མོས་སེམས་གཅིག་སྒྲིལ། རིག་གནས་ཀྱི་ཡིད་རྟོན་ཇེ་ཆེ་རུ་གཏོང་བ། སྣ་མང་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ། གཙོ་སྒྲུབ་ཕྱོགས་ཀྱིས་རིག་དངོས་འགྲེམ་སྟོན་དང་། དྲིལ་བསྒྲགས་འགྲེམ་པང་འཛུགས་པ། དྲིལ་བསྒྲགས་ལག་དེབ་འགྲེམ་གཏོང་དང་། གཞིས་ཀ་རྩེའི་ཁྱད་ལྡན་དཔེ་དེབ་ཞལ་འདེབས་སུ་ཕུལ་བ་སོགས་ཀྱི་རྣམ་པ་སྤྱད་དེ། རྒྱ་ཆེའི་ན་གཞོན་སློབ་མ་རྣམས་ཀྱིས་རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་ཉིན་མོར་རྒྱུས་ལོན་བྱས་ཏེ། གཞོན་ནུ་ལོ་ཆུང་རྣམས་ཀྱིས་དངོས་མང་བཤམས་སྟོན་ཁང་གི་བྱ་གཞག་ལ་གོ་བ་ལེན་ཚད་གཏིང་ཟབ་ཏུ་གཏོང་བ་དང་གཞོན་ནུ་ལོ་ཆུང་སློབ་མའི་རིག་གནས་ཀྱི་མོས་སེམས་དང་གཏོགས་སེམས་ཇེ་ཆེར་བཏང་ཡོད་པ་རེད།  

ཐེངས་འདིའི་བྱ་འགུལ་སྐབས་སུ། གཞིས་ཀ་རྩེའི་དངོས་མང་བཤམས་སྟོན་ཁང་གིས་རིག་དངོས40ལྷག་འགྲེམ་སྟོན་བྱས་ཤིང་། དྲིལ་བསྒྲགས་ལག་དེབ100དང་གྲོས་ཡིག200འགྲེམ་གཏོང་བྱས་ཏེ། 《མཛེས་སྡུག་ལྡན་པའི་གཞིས་ཀ་རྩེ》ཞེས་པའི་དེབ་ཆ་ཚང10ཞལ་འདེབས་སུ་ཕུལ་བ་དང་། བསྡོམས་པས་དགེ་སློབ500ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།