ལྷོ་ཁ་གྲོང་ཁྱེར་གྱིས་མཁར་གྲོང་གི་དྲ་མིག་ཅན་གྱི་དོ་དམ་བྱ་བ་ལེགས་པོར་སྒྲུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ལྷོ་ཁ་གྲོང་ཁྱེར་གྱིས“ཚད་གཞི་མཐོ་བ་དང་། དངོས་འཐབ་བྱེད་ཤུགས་ཆེ་བ། ཉེར་སྤྱོད་དམིགས་བསལ་དུ་འཛིན་པ་དང་། བདེ་འཇགས་ཨང་དང་པོར་འཇོག་པ། སྤེལ་རེས་མཉམ་འདྲེས། ཁྱད་ཆོས་མངོན་གསལ”བཅས་ཀྱི་སྤྱིའི་བསམ་ཕྱོགས་ལྟར། དྲ་མིག་རྨང་གཞིར་འཛིན་པ་དང་། ཆ་འཕྲིན་ལག་རྩལ་བྱེད་ཐབས་སུ་བཟུང་སྟེ། ཆ་འཕྲིན་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱ་རྒྱུ་ལྟེ་བར་འཛིན་པ་དང་། ཆ་འཕྲིན་ཅན་གྱི་མཉེན་པོའི་ཁོར་ཡུག་འགན་སྲུང་བྱས་ནས། མཁར་གྲོང་གི་དྲ་མིག་ཅན་གྱི་དོ་དམ་ལ་སྐུལ་འདེད་ཆེན་པོ་བཏང་བས། གྲོང་ཁྱེར་དང་ཞིང་སྡེའི་བཅོས་སྐྱོང་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་བྱུང་ཡོད་པ་རེད།

 ལྷོ་ཁ་གྲོང་ཁྱེར་གྱིས《སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་གྲོང་ཁྱེར་དང་ཞིང་སྡེའི་སྡེ་ཁུལ་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་བྱ་བར་སྐུལ་འདེད་གཏོང་བ་སྐོར་གྱི་བསམ་འཆར》གཏན་འབེབས་བྱས་ཏེ་ལག་བསྟར་བྱས་ཤིང་། རྫོང(ཆུས)12ཀྱི་མཁར་གྲོང་གི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དྲ་མིག་ཅན་གྱི་དཔོན་པོ་དང་དྲ་མིག་ཅན་གྱི་འཁོར་རྒྱུག་མི་སྣའི་ཞབས་ཞུ་དོ་དམ་པ། ཆོས་ལུགས་ལས་དོན་གྱི་འབྲེལ་གཏུག་པ། བདེ་སྐྱོང་འདུམ་འགྲིག་པ་སོགས་བཀོད་སྒྲིག་གང་ལེགས་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ཤང་གྲོང་ཚང་མར་ཅུང་ཚད་ལྡན་གྱི་དྲ་མིག་ཅན་གྱི་དོ་དམ་མངོན་འགྱུར་བྱས་ཡོད་དེ། “དྲ་གཅིག་ལ་དྲ་མིག་མང་བ་དང་། དྲ་གཅིག་གི་ཁོངས་མི་མང་བ། ཁོངས་མི་གཅིག་གིས་ལས་གནས་མང་པོ་གཉེར་བ་དང་། ལས་གནས་གཅིག་ལ་འགན་འཁྲི་མང་པོ་ཡོད་པ། ལས་མི་ཡོངས་རྫོགས་ཞུགས་ཏེ་ལས་རིམ་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་བའི་རྣམ་པ་གྲུབ་ཏེ། “དྲུག་ཅན”གྱི་དམིགས་འབེན་མངོན་འགྱུར་བྱས་པ་དང་། དྲ་མིག་ཅན་གྱི་ཁེབས་ཚད60%ལ་སླེབས་ཡོད་པ་རེད།

གཞན་ཡང་ལྷོ་ཁ་གྲོང་ཁྱེར་གྱིས་བྱ་བ་ཧུར་ཐག་གིས་སྒྲུབ་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་འདོན་སྤེལ་དང་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དངོས་འབེབས་བྱས་པ་བརྒྱུད། མཉམ་འགོག་མཉམ་བཅོས་ལ་བརྟེན་པ་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་ནུས་ཤུགས་ཇེ་ཆེར་བཏང་ཡོད། རིག་ནུས་ཀྱི་བྱེད་ཐབས་སྤྱོད་པ་དང་སྔོན་འགོག་ཚོད་འཛིན་གྱི་ཕན་ནུས་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། རང་འགུལ་ངང་པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ཞུགས་ཏེ་རྙོག་དྲ་མི་བཟོ་བ་དང་ལས་གནས་སྟོང་བར་མི་ལུས་པ་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།