​བོད་ཤར་རྒྱུད་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་འཚོ་བ་གསར་བ།

(脱贫攻坚·图片故事)(1)藏东大地脱贫影像

    གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་ཐོ་ཤང་རྫོང་པ་གྲོང་ཚོའི་གྲོང་མི་རྡོ་རྗེ་ཡིན་པ་དང་། གཡས་རིས་ནི་གོ་འཇོ་རྫོང་ཨ་དབང་ཤང་གི་འབྲོག་ར་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནི་འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་གཙང་གསུམ་མཉམ་འབབ་ཀྱི་འཕྲེད་རྒྱུག་རི་རྒྱུད་དུ་ཆགས་ཡོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི3500ཡན་ཟིན་ཡོད། དེ་གར་ལུང་ཤུར་འཕྲེད་གཞུང་དུ་གནས་པ་དང་། ས་རྒྱུ་ཞན་པ། འཚོ་གནས་ཆ་རྐྱེན་སྡུག་པས་བོད་ལྗོངས་ཀྱི་དབུལ་པོ་བྱུང་ཚད་མཐོ་བ་དང་། དབུལ་སྐྱོར་མ་གནས་མཐོ་བ། དབུལ་པོའི་ཚད་གཞི་ཟབ་པ། དབུལ་ཐར་དཀའ་ཚེགས་ཆེ་བའི་ས་ཁོངས་ཀྱི་གྲས་ཤིག་རེད། 

དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་སྤེལ་བ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་ཐར་གྱི་རྩ་བར་བརྩི་བ་དང་ཆབས་ཅིག་ཏུ་ལས་ཞུགས་གཞན་སྒྱུར་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སྐྱེ་ཁམས་དབུལ་སྐྱོར་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་དབུལ་ཕོངས་མི་འབོར་དབུལ་ཐར་ཡོང་བར་རོགས་རམ་བྱས་པ་རེད། 2016ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་དུད་ཚང་ཁྲི3.84ཡི་མི་ཁྲི19.46དབུལ་ཐར་བྱུང་ནས་གྲོང་ཚོ་དབུལ་པོ1127དབུལ་ཐར་བྱུང་ཡོད། 2019ལོར་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་དབུལ་པོ་གཞི་རྩའི་ཆ་ནས་མེད་པར་བཟོ་བའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱས།

    དེང་སྐབས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད་དེ། མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དང་སྡོད་ཁང་གི་གནད་དོན་ཐག་གཅོད་ཐུབ་པ། འབབ་འཕར་གྱི་ཐབས་ལམ་མང་དུ་ཕྱིན་ཡོད་པས་ཆབ་མདོའི་མི་དམངས་ཀྱིས་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་བ་གཏོད་བཞིན་ཡོད། 

(脱贫攻坚·图片故事)(2)藏东大地脱贫影像

གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་འབུམ་ཉེ་གྲོང་ཚོའི་གྲོང་མིས་བཀོད་སྒྲིག་ཁུལ་གྱི་ཐོག་ཁང་མདུན་དུ་པར་ལེན་བཞིན་པ་དང་།གཡས་རིས་ནི་སྨར་ཁམས་རྫོང་གི་བཀོད་སྒྲིག་ཁུལ་གྱི་ཟུར་ཞིག་རེད། 

(脱贫攻坚·图片故事)(3)藏东大地脱贫影像

གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྐྱ་རི་ཤང་རྒྱས་བཀྲ་གྲོང་ཚོའི་གྲོང་མི་བཀོད་སྒྲིག་ཁུལ་གྱི་ཐོག་ཁང་མདུན་དུ་ཡོད་པ་དང་། གཡས་རིས་ནི་དཔའ་ཤོད་རྫོང་གནས་རི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་གྱི་ཟུར་ཞིག་རེད། 

(脱贫攻坚·图片故事)(4)藏东大地脱贫影像

གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་འབུམ་ཉེ་གྲོང་ཚོའི་གྲོང་མི་ལྷ་མོ་སྒྲོལ་མ་ཡིན་པ་དང་། གཡས་རིས་ནི་ལྷ་མོ་སྒྲོལ་མས་སྨར་ཁམས་རྫོང་ནགས་ལས་ཐོན་ལས་དབུལ་སྐྱོར་སྡོང་ཕྲུག་རྟེན་གཞིར་ལས་ཀ་བྱེད་བཞིན་པ། 

(脱贫攻坚·图片故事)(5)藏东大地脱贫影像

གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ཁ་རུབ་གྲོང་ཚོའི་གྲོང་མི་བློ་བཟང་ལྷུན་གྲུབ་ཡིན་པ་དང་། གཡས་རིས་ནི་བློ་བཟང་ལྷུན་གྲུབ་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་ཨར་སྐྲུན་ལས་ཡུལ་ཞིག་ཏུ་ཚོན་རིས་ཀྱི་ལས་ཀ་བྱེད་བཞིན་པ།

(脱贫攻坚·图片故事)(6)藏东大地脱贫影像

གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོའི་གྲོང་མི་ཚེ་འཕེལ་ཡིན་པ་དང་། གཡས་རིས་ནི་འཇོ་མདའ་རྫོང་སྤོ་ལོ་ཤང་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་ཚེ་འཕེལ་གྱིས་སློབ་མར་མཛུབ་སྟོན་བྱེད་བཞིན་པ། 

(脱贫攻坚·图片故事)(7)藏东大地脱贫影像

 གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་གྲོང་མི་དཔལ་མོ་ཡིན་པ་དང་། གཡས་རིས་ནི་དཔལ་མོས་སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་བྱ་དེ་གསོ་སྤེལ་བྱེད་བཞིན་པ།

(脱贫攻坚·图片故事)(8)藏东大地脱贫影像

གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་སྤྱི་དར་ཤང་གྲོང་གསར་གྲོང་ཚོའི་གྲོང་མི་ཕུན་ཚོགས་ཡིན་པ་དང་། གཡས་རིས་ནི་ཕུན་ཚོགས་ཀྱིས་དཔའ་ཤོད་རྫོང་བྱང་པ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་དུ་ལས་ཀ་བྱེད་བཞིན་པ།

(脱贫攻坚·图片故事)(9)藏东大地脱贫影像

  གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྨོག་ཤོད་ཤང་ཨ་གདོང་གྲོང་ཚོའི་གྲོང་མི་དབྱང་ཕེ་ཡིན་པ་དང་། གཡས་རིས་ནི་དབྱང་ཕེས་རྒུན་འབྲུམ་ར་བའི་ནང་དུ་ལས་ཀ་བྱེད་བཞིན་པ།  

(脱贫攻坚·图片故事)(10)藏东大地脱贫影像

གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཡངས་པ་ཤང་རྣ་ཕག་གྲོང་ཚོའི་གྲོང་མི་བཀོད་སྒྲིག་ཁུལ་གྱི་ཐོག་ཁང་མདུན་དུ་ཡོད་པ་དང་། གཡས་རིས་ནི་དཔའ་ཤོད་རྫོང་གནས་རི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་གྱི་མང་ཚོགས་ཀྱིས་ཁྱིམ་དུ་གཙང་སྦྲ་བྱེད་བཞིན་པ། 

(脱贫攻坚·图片故事)(11)藏东大地脱贫影像

 གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་རྫི་སྒར་ཤང་ཐར་རྩེ་གྲོང་ཚོའི་གྲོང་མི་བཀྲ་ཤིས་རྒྱ་མཚོ་ཡིན་པ་དང་། གཡས་རིས་ནི་བཀྲ་ཤིས་རྒྱ་མཚོས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐལ་བཟང་མེ་ཏོག་མི་རིགས་གྱོན་ཆས་ལས་སྣོན་བྲིན་ཚོང་ཀུང་སིར་བོད་ལྭ་བཟོ་བཞིན་པ།

(脱贫攻坚·图片故事)(12)藏东大地脱贫影像

གཡོན་རིས་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་གྲོང་མི་ཨ་དབང་ལྷ་སྒྲོན་ཡིན་པ་དང་། གཡས་རིས་ནི་ཨ་དབང་ལྷག་སྒྲོན་གྱིས་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གླད་དག་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེན་མོའི་ནང་ལས་ཀ་བྱེད་བཞིན་པ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།