བོད་ལྗོངས་གྲོ་མོའི་མཐའ་སྲུང་ཞིབ་བཤེར་ས་ཚུགས་སུ་འདེབས་འཛུགས་གསོ་སྤེལ་ལས་རིགས་གཉེར་བ།

1.jpg

འདི་ནི་བོད་ལྗོངས་གྲོ་མོའི་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཞིང་ཞོར་ལས་རིགས་ཐོན་སྐྱེད་རྟེན་གཞིར་གསོ་སྤེལ་བྱས་པའི་བྱ་གག་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་མི་དམངས་ཉེན་རྟོག་པའི“ཤ་ཚལ་སྒོང་གསུམ”རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་གྲོ་མོ་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ད་ཡོད་ཀྱི་ཞིང་ཞོར་ལས་རིགས་ཐོན་སྐྱེད་ཀྱི་ཐོན་ཁུངས་བེད་སྤྱད་དེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་གསོ་སྤེལ་ལག་རྩལ་བཀོལ་ནས་སྔར་ཡོད་ཀྱི་གཞི་ཁྱོན་དང་རྨང་གཞིའི་ཐོག ཉི་འོད་དྲོད་ཁང་ཆེན་མོ་དང་། གསོ་སྤེལ་ཁང་། ཉ་རྫིང་སོགས་ཀྱི་ཐོན་ཁུངས་རིམ་སྤོར་སྒྱུར་བཀོད་བྱས་པས་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་བཟའ་བཏུང་གི་དགོས་མཁོ་བསྐངས་ཡོད། 

2.jpg

འདི་ནི་བོད་ལྗོངས་གྲོ་མོའི་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཞིང་ཞོར་ལས་རིགས་ཐོན་སྐྱེད་རྟེན་གཞིའི་དྲོད་ཁང་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།