ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སྲིད་ཇུས་དང་ཞབས་ཞུ་སྣ་མང་བཏོན་ནས་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་རོགས་རམ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལྷ་ས་འགག་སྒོ་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ལྷ་ས་འགག་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་ཐབས་དོན་འཁྱོལ་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ 《རིམས་ནད་འགོག་པའི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་བྱ་ཐབས་དོན་ཚན་བདུན》བཏོན་པ་དང་། དེའི་དམིགས་ཡུལ་ནི་རིམས་ནད་ཀྱིས་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་རྒྱུར་ཤུགས་རྐྱེན་ཕོག་ཤུགས་ཆུང་དུ་གཏོང་རྒྱུ་དང་།  སྲིད་ཇུས་དང་ཞབས་ཞུ་སྣ་མང་བཏོན་ནས་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རོགས་རམ་བྱ་རྒྱུ་དེ་རེད།

ལྷ་ས་འགག་སྒོའི་སྒོ་ཁྲལ་སྡེ་ཚན་གྱིས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་གཙོ་བོར་རང་འགུལ་གྱིས་འཚམས་འདྲི་བྱས་ཏེ་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། ཁེ་ལས་ཀྱིས་སྒྲིག་ཆས་ནང་འདྲེན་དང་ཐོན་རྫས་ཕྱིར་གཏོང་ཁྲོད་གནས་པའི་དཀའ་ངལ་ལ་ཉན་པ། ཁེ་ལས་ལ་ལྷ་སའི་འགག་སྒོས་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་བྱ་ཐབས་དོན་ཚན་བདུན་སྒྲོག་འགྲེལ་བཅས་བྱས་པ་རེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འདྲི་ཤོག་བརྟག་དཔྱད་སོགས་ཀྱི་བྱ་ཐབས་བརྒྱུད་དེ་བསྡོམས་པས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས50ལྷག་ཙམ་ལ་རྟོག་ཞིབ་བྱས་པ་རེད། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་གི་གནོན་ཤུགས་ཞི་ལྷོད་དུ་གཏོང་བ་དང་།  ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཁེ་ཕན་དངོས་ལོངས་སུ་སྤྱད་དེ་ལས་ཐོན་བསྐྱར་ཚུགས་ལ་རོགས་རམ་བྱ་ཆེད། ལྷ་ས་འགག་སྒོས་སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཁེ་ལས་ཀྱིས་སྒོ་ཁྲལ་ཕྱིར་སློག་པ་དང་སྒོ་ཁྲལ་རྩ་ཆག་གཏོང་བ་སོགས་ཀྱི་ཕན་ཡོད་སྲིད་ཇུས་སྤྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས། མིག་སྔའི་བར་དུ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བཏོན་པའི་སྒོ་ཁྲལ་ཕྱིར་སློག་པ་སོགས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་བྱས་པ་བརྒྱུད་སྔོན་དཔག་བྱས་ན་ཁེ་ལས་ལ་སྒོ་ཁྲལ་སྒོར་ཁྲི250ལྷག་ཙམ་ཕྱིར་སློག་བྱ་རྒྱུ་རེད། 

རྗེས་མར། ལྷ་ས་འགག་སྒོས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལ་སྲིད་ཇུས་དྲིལ་བསྒྲགས་ངོ་སྤྲོད་དང་ཞབས་ཞུ་སོགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་ཧུར་ཐག་གཏོང་རྒྱུ་དང་ས་མཐོའི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུར་རོགས་རམ་བྱ་ཆེད་ལྷ་ས་འགག་སྒོའི་འགག་རྩའི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།