ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་ཐར་འགག་སྒྲོལ་བྱ་བ་གཏིང་ཟབ་དང་ཞིབ་ཚགས་སུ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས་འགན་འཁྲི་འཁུར་བ་དང་བྱ་བ་སྒྲུབ་པར་ཤུགས་བསྣན་པ་དང་། འགན་འཁྲི་དངོས་འབེབས་བྱེད་པར་ནན་གྱིས་བཟུང་སྟེ། ། ནན་ཏན་གྱིས་དབུལ་ཐར་འགག་སྒྲོལ་བྱ་བར་སྐུལ་འདེད་བཏང་བ་རེད།

 ལྷོ་ཁ་གྲོང་ཁྱེར་གྱིས་རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིའི“འདུ་ཤེས་བཞི”ལ་ཤུགས་སྣོན་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་མཐོ་ཚད་དང་བསྟུན་ནས། དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲི་གཙོ་བོ་ཕྲག་ཏུ་འཁུར་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་བྱས་ཏེ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སོ་སོ་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་ཀྱི་བསྒྲུབ་དགོས་པའི་བླང་བྱ་བཏོན། ལྟ་སྐུལ་ཚོགས་ཆུང་དང་ཞིར་བཤེར་ཚོགས་ཆུང་སོ་སོས་འབྲེལ་ཡོད་ཇུས་གཞི་ལྟར་གནད་དོན་ལ་མཐོང་ཆེན་གནང་དགོས། ཚད་གཞི་སྔར་ལས་ནན་མོ་དང་སྤྱོད་ཚུལ་དངོས་ཀྱི་ཐོག་ནས་ལྟ་སྐུལ་ཡང་ཡང་བྱེད་པ་དང་། འབྱུང་རྩ་གསལ་རྟོགས། གནད་དོན་དབྱེ་ཞིབ། དཀའ་ངལ་ཐག་གཅོད་བཅས་བྱེད་དགོས། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོས་དབུལ་ཐར་འགག་སྒྲོལ་བྱ་བ་མི་ཚང་མར་འབྲེལ་བ་ཡོད་པའི་བསམ་བློ་བརྟན་པོར་འཛུགས་དགོས། འགན་འཁྲི་ཕྲག་ཏུ་འཁུར་ནས་ཞིབ་བཤེར་གནད་དོན་ལ་ཞིབ་བསྡུར་ནན་ཏན་བྱེད་དགོས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་རང་འགུལ་ངང་བྱ་བ་སྒྲུབ་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་སོ་སོ་དོན་དངོས་དང་བསྟུན་པའི་སྒོ་ནས་ཡག་པོར་སྒྲུབ་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།