ད་ལོའི་ཟླ་བཅུ་བར་ཀྲུང་གོའི་སྤོ་སྒུལ་5Gབརྡ་རྟགས་ལྷ་སའི་གྲོང་ཁུལ་གཙོ་བོར་ཁྱབ་རྒྱུ་རེད།

1589851130305537.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀྲུང་གོའི་སྤོ་སྒུལ་བོད་ལྗོངས་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། ཀྲུང་གོའི་སྤོ་སྒུལ་བོད་ལྗོངས་ཀུང་ཟིས5Gརྟེན་གཞིའི་ས་ཚིགས1400ལྷག་འཛུགས་སྐྲུན་བྱེད་རྩིས་ཡོད་པ་དང་། “སྔོན་ལ་གཙོ་གནད་གྲོང་ཁྱེར་དང་རྗེས་སུ་སྤྱིར་བཏང་གི་གྲོང་ཁྱེར། སྔོན་ལ་གྲོང་ཁུལ་གཙོ་བོ་དང་རྗེས་སུ་གྲོང་ཁུལ་ཕལ་བ། སྔོན་ལ་ཁང་བའི་ཕྱི་རོལ་དང་། རྗེས་སུ་ཁང་བའི་ནང་ཁུལ”བཅས་ཀྱི་གོ་རིམ་ལྟར། དམིགས་བསལ་དུ་གྲོང་ཁྱེར་དང་ས་ཁུལ་སོ་སོའི་ཏང་སྲིད་དམག་ཁུལ་དང་། སྨན་བཅོས། སློབ་གྲྭ་བཅས་གནད་འགག་འགྲིམ་འགྲུལ་ལྟེ་གནས་དང་། གསང་འདུས་ཚོང་ལས་ཁུལ་སོགས་ཀྱི་ས་ཁོངས་ལ་ཁྱབ་རྒྱུ་རེད། ཚོད་རྩིས་བྱས་པ་ལྟར་ན་ད་ལོའི་ཟླ10བའི་ཟླ་མཇུག་སྔོན་དུ། ཀྲུང་གོའི་སྤོ་སྒུལ་བོད་ལྗོངས་ཀུང་ཟིས་ལྷ་སའི་གྲོང་ཁུལ་གཙོ་བོའི5Gབརྡ་རྟགས་ཁྱབ་པའི་བྱ་བ་ལེགས་འགྲུབ་བྱ་རྒྱུ་དང་། གྲོང་ཁྱེར་དང་ས་ཁུལ་གཞན་དག་གིས་ཏང་སྲིད་དམག་ཁུལ་དང་། ཐད་ཀར་ལས་རིགས་དང་། གཙོ་གནད་སྡེ་ཚན་བཅས་ཀྱི་དགོས་མཁོར་གཞིགས་ནས་གོ་རིམ་ལྡན་པའི་ངང་ཁེབས་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་འགུལ་ཚད་ཕྱིར་སྤྲོད་དང་ཚོང་ར་སྐུལ་སྤེལ་སོགས་ཀྱི་ལས་དོན་སྤེལ་ཏེ། བོད་ལྗོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།