​བོད་ལྗོངས་ཡོངས་ཀྱི་མཉམ་འབྲེལ་དྲ་རྒྱའི་ད་ལོའི་དུས་ཐེངས་དང་པོའི་གསར་འགྱུར་ཆ་འཕྲིན་ཞབས་ཞུ་བའི་སྦྱོང་བརྡར་འཛིན་གྲྭ་སློབ་འགོ་ཚུགས།

W020200513359517449353.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་གཉེར་བའི་སྤྱི་ལོ2020ལོའི་ལྗོངས་ཡོངས་ཀྱི་མཉམ་འབྲེལ་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུ་བའི་དུས་ཐེངས་དང་པོའི་སྦྱོང་བརྡར་འཛིན་གྲྭ་སྤྱི་ཚེས11ཉིན་སློབ་འགོ་ཚུགས་པ་དང་།  ལྗོངས་ཡོངས་ཀྱི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་སྨྱན་སྦྱོར་གསར་པའི་གསར་འགྱུར་ལས་དོན་པ་སོགས་མི110སྦྱོང་བརྡར་ནང་ཞུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་སྦྱོང་བརྡར་ཐོག་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་ལྗོངས་ཕྱི་ནང་གི་སློབ་གྲྭ་ཆེ་མོ་བའི་རིགས་གཅིག་མཁས་པ་དང་།  དྲ་བའི་བརྒྱུད་སྤེལ་ལས་རིགས་ཀྱི་མཁས་དབང་།  ལས་རིགས་ཀྱི་སྣེ་འཁྲིད་པ་བཅས9གདན་ཞུ་བྱས་ནས་བརྒྱུད་སྤེལ་གྱི་ཆོས་ཉིད་ལ་སྟངས་འཛིན་བྱས་ནས་སྨྱན་སྦྱོར་གསར་པའི་བརྒྱུད་སྤེལ་ནུས་པ་ཆེ་རུ་གཏོང་སྟངས་དང་།  སྲིད་དོན་གྱི་སྨྱན་སྦྱོར་གསར་པ་ཚད་ལྡན་ངང་གཉེར་སྐྱོང་དང་དོ་དམ་གང་འདྲ་བྱེད་དགོས་མིན་སོགས་ཀྱི་སྐོར་ལ་འཆད་འཁྲིད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།