བོད་ལྗོངས་ཀྱིས་རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེར་ཐེངས་རེའི“5·12”རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན་དུས་ལྟར་སླེབས་པ་དང་། འདི་ནས་ང་ཚོས་སྙིང་ཐག་པ་ནས་ནད་གཡོག་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། བོད་ལྗོངས་ཀྱི་རྒྱ་ཆེའི་ནད་གཡོག་པ་རྣམས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་འགན་སྒྲུབ་པ་དང་། ཉིན་མཚན་མེད་པར་ནད་པར་ལྟ་སྐྱོང་བྱེད་པའི་འཐབ་ས་དང་པོ་ནས་འབད་འཐབ་བྱས་ཏེ་དྲོ་སྐྱིད་ལྡན་པའི་ནད་གཡོག་དང་། སྙིང་སྟོབས་ཀྱི་རྒྱབ་སྐྱོར། ནུས་ལྡན་གྱི་ནད་གཡོག་བཅས་ལ་བརྟེན་ནས་ཚེ་སྲོག་གི་འོད་སྣང་སྦྱིན་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་སྲུང་བྱ་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད།  །

1589330166203159.jpg

བོད་ལྗོངས་མི་རིགས་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་སྨན་བཅོས་མི་སྣས་ནད་གཡོག་པའི་དུས་ཆེན་གྱི་ཉིན་མོར་མཉམ་པར་ལེན་བཞིན་པ།

1589330180194538.jpg

ནད་གཡོག་པའི་དུས་ཆེན་གྱི་ཉིན་མོར་བོད་ལྗོངས་མི་དམངས་སྨན་ཁང་གི་ནག་གཡོག་པས་ལས་གནས་སྟེང་ལས་ལ་བརྩོན་བཞིན་པ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།