མང་ཚོགས་ལ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་པ།

—— ཉིང་ཁྲི་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་བྱ་གཞག་ལ་བཀྲག་མདངས་འཚེར་ས་མང་།

འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་ལྟ་སྐབས། ཉིང་ཁྲི་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་གྱི་ལས་དོན་པ་ཚོས་ཐོག་མཐའ་བར་གསུམ་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རིག་གནས་ལ་ཤུགས་སྣོན། རིག་གནས་གྲ་རྒྱས་སྟོབས་འབྱོར་ལ་སྐུལ་འདེད་གཏོང་བ་བཅས་གཙོ་རྐང་དུ་བྱས་ཏེ། རིག་གནས་ལས་དོན་གྱི་ཡང་དག་ཁ་ཕྱོགས་སྟངས་འཛིན་དང་ཉིང་ཁྲི་གྲོང་ཁྱེར་གྱི་རིག་གནས་ལས་དོན་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཉིང་ཁྲིའི་རིག་གནས་དར་རྒྱས་དང་འཕེལ་རྒྱས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཡོད།

སྤྱི་པའི་ཞབས་འདེགས་ཀྱི་འཇོན་ཐང་ཆེ་རུ་བཏང་བ།

ཉིང་ཁྲི་གྲོང་ཁྱེར་རིག་གནས་རླུང་འཕྲིན་ཅུས་ཀྱིས་ན་ནིང་གསོ་སྦྱོང་ལ་དམ་འཛིན་དང་། རིག་གནས་གཤམ་སྤེལ། བྱེད་སྒོ་གཉེར་བ། ཞབས་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དེང་རབས་སྤྱི་པའི་རིག་གནས་ཞབས་འདེགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། རིག་གནས་ཀྱི་སྤྱི་པའི་ཞབས་འདེགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་རིག་གནས་ཀྱི་རྣམ་པ་ཟབ་མོ་བཏོད་པ་རེད།

“གཟའ་མཇུག་སླེབས་སྐབས་ངས་ཕྲུ་གུ་མང་ཚོགས་སྒྱུ་རྩལ་ཁང་དུ་བསྐྱལ་ནས་སློབ་ཡོན་མི་དགོས་པར་ཡིག་གཟུགས་དང་རོལ་ཆ་སྦྱོང་བཅུག་སྟེ་ཕྲུ་གུའི་དགའ་ཕྱོགས་གསོ་སྐྱོང་བྱེད་ཀྱི་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་བདེ་སྐྱིད་ཁུལ་ཆུང་དུ་སྡོད་མཁན་སྐུ་ཞབས་ཁྲེང་ལགས་ཀྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་། ཕྲུ་གུ་ཚོའི་སློབ་གསེང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་སྒྲ་སྙན་དང་། ཞབས་བྲོ། བོད་རྒྱ་ཡིག་གཟུགས། རི་མོ་སོགས་སྒྱུ་རྩལ་རྣམ་གྲངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བར་བརྟེན། སློབ་ཕྲུག་མི་ཉུང་བ་ཞིག་དེ་གར་སློབ་ཚན་འཚོག་པར་འགྲོ་གི་ཡོད།

ལོ་གཅིག་རིང་། ཉིང་ཁྲིས་ད་དུང་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ་དབུལ་པོ་60ཡི་རིག་གནས་སྒྲིག་ཆས་བཀོད་སྒྲིག་བྱ་ཆེད། ཐང་ཆེན་རིག་གནས་བྱེད་སྒོ་ཐེངས་1950གཉེར་བར་མི་ཐེངས་ཁྲི་25ཞུགས་པ་དང་། “འོད་སྟོང་འཕྲོ། ཁྱིམ་ཚང་ཁྲི་ལ་བདེ་སྐྱིད་སྦྱིན”པའི་ཡིག་གཟུཌ་བྱེད་སྒོ་སྤེལ་བ་རེད། གཞན་ཡང་། “གཤམ་སྤེལ་ལྔ”ཡི་དེབ་སྐྱེལ་བྱེད་སྒོ་དང་། “4·23འཛམ་གླིང་དཔེ་ཀློག་ཉིན་མོ” “ཚད་ལས་བརྒལ་བའི་ཀློག་པ་པོའི་བྱེད་སྒོ་སྐབས་ལྔ་པ” ཕ་མ་དང་བུ་ཕྲུག་གི་དཔེ་ཀློག་བྱེད་སྒོ། “ང་ཚོ་མཉམ་དུ་དཔེ་དེབ་ཀློག”པའི་ཆེད་དོན་བྱེད་སྒོ་སོགས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད།

རིག་གནས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ།

ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་དང་། ཤིང་པད་མ་སེར་པོའི་བོད་ལུགས་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན། ཡར་ཀླུང་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་དང་རིག་རྩལ་འཁྲབ་སྟོན་རབ་དང་རིམ་པ་སྤེལ་བར་བརྟེན། ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉམས་འགྱུར་དང་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བཞིན་པའི་རིག་གནས་ཀྱི་ཐོན་ལས་མངོན་པར་བྱས་ཡོད།

ན་ནིང་། ཉིང་ཁྲི་གྲོང་ཁྱེར་གྱིས《ཉིང་ཁྲི་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་2016ལོ་ནས་2020ལོ་བར་གྱི་འཕེལ་རྒྱས་འཆར་འགོད》ཇུས་འགོད་དང་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ནས“ལྟེ་བ་གཅིག་དང་། རྒྱུད་གཉིས། ཁུལ་ལྔ། འདུ་འགོད་གསུམ། གནས་མང”བཅས་ཀྱི་རིག་གནས་ཐོན་ལས་ཀྱི་སྐས་རིམ་རྣམ་པའི་འཕེལ་རྒྱས་བར་མཐོངས་སྐྲུན་དགོས་ཞེས་བཏོན་པ་མ་ཟད། གྲོང་ཁྱེར་དང་རྫོང་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིར(གླིང་ཁུལ)ཐོག་མར་མིང་འདོགས་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་རྫོང་རིམ་པའི་དཔེ་སྟོན་རྟེན་གཞི་2ལ་མིང་བཏགས་པ་རེད།

མཉམ་སྤྱོད་ལས་སྟེགས་ཡག་པོ་བསྐྲུན་པ།

ཉིང་ཁྲིའི་རིག་གནས་ཁྱབ་སྤེལ་བྱས་ནས་ཉིང་ཁྲིའི་གཏམ་རྒྱུད་ཡག་པོ་བརྗོད་པ།

ན་ནིང་། ཉིང་ཁྲི་གྲོང་ཁྱེར་གྱིས་འཕྲལ་སྡོམ་སྔོན་ཇུས་ནན་པོ་བཟོ་བ་དང་། རིམ་པ་བཞིན་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པ། འཕྲལ་སྡོམ་སྒྲིག་ཆས་གྲབས་གསོག བདེ་འཇགས་གཏོང་སྤེལ་གསོ་སྦྱོང་། ཆེད་དོན་ཞིབ་བཤེར་སོགས་བྱེད་ཐབས་ཞིབ་ཕྲ་བརྒྱུད། “དཔྱིད་གསར་དུས་ཆེན”དང་། “བོད་ཀྱི་ལོ་གསར” རྒྱལ་ཡོངས་ཀྱི“ཚོཌ་འདུ་གཉིས” ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་སོགས་དུས་ཚོད་དང་མཚམས་ཚིགས་གལ་ཆེན་དང་རྒྱུན་གཏན་གྱི་རླུང་འཕྲིན་བརྙན་འཕྲིན་གྱི་བདེ་འཇགས་གཏོང་སྤེལ་ལས་དོན་འགན་ལེན་ནུས་ལྡན་བྱས་ཡོད།

རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་འདུ་འགོད་ལག་བསྟར་བྱས་པ།

ན་ནིང་། ཉིང་ཁྲི་གྲོང་ཁྱེར་རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་སྤྱི་ཚོགས་ལ་སྤྱི་པའི་ཞབས་འདེགས་ཉོ་བའི་རྣམ་པར་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རླུང་འཕྲིན་བརྙན་འཕྲིན་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་བཙུགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་རླུང་འཕྲིན་བརྙན་འཕྲིན་གྱི“གྲོང་ཚོ་ཀུན་ཁྱབ”དང་། “དགོན་སྡེ་ཚང་མར་ཁྱབ་པའི”སྒྲིག་ཆས་ལ་སྲུང་སྐྱོང་དང་ཉམས་གསོ་བྱས་ཤིང་། རླུང་འཕྲིན་བརྙན་འཕྲིན་སྒྲིག་ཆས་5123གསར་བརྗེ་བྱས་ཏེ་གཞི་རིམ་གྱི་རླུང་འཕྲིན་བརྙན་འཕྲིན་སྒྲིག་ཆས་སྲུང་སྐྱོང་དང་ཉམས་གསོའི་དཀའ་གནད་ནུས་ལྡན་བསལ་བ་རེད།

རླུང་འཕྲིན་དང་བརྙན་འཕྲིན་གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ན་ནིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་གྱི་སྐུད་མེད་གྲངས་འཛིན་ཅན་ཁྱབ་པའི་འདུ་འགོད་རྣམ་གྲངས་ལེགས་སྒྲུབ་བྱས་པ་དང་། རྣམ་གྲངས་དེ་ལག་བསྟར་བྱས་པ་ལས་གྲོང་ཁྱེར་དང་། རྫོང(ཆུས) མཐའ་འཁོར་གྱི་མང་ཚོཌ་བཅས་ཀྱིས་སྐུད་མེད་ལ་བརྟེན་ནས་མཐོ་གསལ་གྲངས་འཛིན་ལེ་ཚན་ཆ་ཚང་12དང་། ས་གནས་དེ་རང་གི་བརྙན་འཕྲིན་ལེ་ཚན་ཆ་ཚང་2ནས་3བར། གྲངས་འཛིན་རླུང་འཕྲིན་ལེ་ཚན་ཆ་ཚང་3ལྟ་ཉན་ཐུབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།