ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཕྱོགས་ཡོངས་ནས་ཉེན་རྟོག་ནན་པོས་སྐྱོང་བའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་སྒྲིག་ཁྲིམས་དང་སྤྱོད་ཚུལ་གྱི་ཆེད་དོན་སློབ་གསོའི་དག་ཐེར་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ“གཅིག་རེ་བཅུའི”ནང་དོན་ལ་དམིགས་ནས་སྤེལ་བ་དང་། ནང་དོན་ནི་ཉེན་རྟོག་ཡོངས་ཀྱིས་སློབ་སྦྱོང་ཆེ་མོ་ཐེངས་གཅིག་བྱེད་པ་དང་། མི་དམངས་ཉེན་རྟོག(ལས་རོགས་ཉེན་རྟོག་པ)ཡོངས་ཀྱི་ནང་མིར་འཕྲིན་ཡིག་གཅིག་བསྐུར་བ། ཉེན་ཟོན་སློབ་གསོའི་ཆེད་སྒྲོམ་གཅིག་འཛུགས་པ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་ཐེངས་གཅིག་རྒྱག་པ། སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་ཐེངས་གཅིག་བྱེད་པ། ཉེན་ཟོན་སློབ་གསོའི་འཆད་ཁྲིད་ཐེངས་གཅིག་བྱེད་པ། ཉེན་ཟོན་སློབ་གསོའི་གློག་བརྙན་གཅིག་ལྟ་བ། དཔུང་ཁག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཐེངས་གཅིག་བྱེད་པ། དཔུང་ཁག་དོ་དམ་ཚད་ལྡན་གྱི་སྡེ་ཚན་གཅིག་འདེམས་པ། “ནུས་མེད་ཟབ་ཟོབ”ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཁག་གཅིག་ལ་སྐོང་འདྲི་བྱེད་པ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།