ལོ་ངོ་སྟོང་གི་ཚྭ་ཞིང་ལས་འཕྲོས་པའི་གཏམ།

W020200511429723934777.jpg

ཉེ་བའི་ལོའི་རིང་།  སྨར་ཁམས་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བས།  ཡུལ་སྐོར་བ་མང་པོ་གནའ་བོའི་ཚྭ་ཞིང་གི་མཛེས་ལྗོངས་དང་ཚྭ་ཐོན་སྐྱེད་བྱེད་སྟངས་མྱོང་རོལ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད་པ་དང་།  ཚྭ་ཞིང་ལ་བརྟེན་ནས་ཡུལ་སྐོར་ཡོང་འབབ་འཕར་སྣོན་ཐུབ་ཅིང་ས་གནས་དེ་གའི་མང་ཚོགས་ཚོའི་ཚྭ་བཟོའི་ལག་རྩལ་མི་ཉམས་གོང་འཕེལ་གཏོང་བའི་ཧུར་སེམས་ཀྱང་ཇེ་ཆེར་འཕེལ་ཡོད།

W020200511429724039324.jpg

སྤྱི་ལོ2019ལོར་སྨར་ཁམས་རྫོང་གིས་ལོ་ངོ་སྟོང་གི་གནའ་བོའི་ཚྭ་ཞིང་དེA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས།  ཚྭ་ཁ་ལུང་གི་སྲོལ་རྒྱུན་ཚྭ་ལས་ཁྲོམ་ར་དེ་བས་རྒྱ་ཆེར་བཏོད་ཡོད་པ་དང་།  ཚྭ་སྐམ་ལག་ཤེས་དེ་ཡང་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་ནང་བཅུག་ཡོད།

W020200511429724234224.jpg

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཚྭ་ཁ་ལུང་གི་ཚྭ་ཞིང་ནི་རྫ་ཆུའི་འགྲམ་དུ་གནས་ཡོད་པ་དང་།  རང་རྒྱལ་གྱི་ཆེས་གདོད་མའི་ཚྭ་སྐམ་གཏོང་བའི་ལག་ཤེས་སྤྱོད་བཞིན་པའི་ས་གནས་ཉག་ཅིག་དེ་ཡིན།  ལོ་རྒྱུས་ཀྱི་དཔྱད་གཞིར་གཞིགས་ན།  ཐང་རྒྱལ་རབས་ཀྱི་དུས་ནས་སྨར་ཁམས་ཀྱི་གནའ་བོའི་ཚྭ་ཞིང་དུ་ཚྭ་སྐམ་གཏོང་གི་ཡོད་པ་དང་།  ད་བར་ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། །

W020200511429724329528.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།