བོད་ལྗོངས་ཀྱི་འདྲུད་འཐེན་གློག་སྒྱུར་ཁང་ཐོག་མ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས།

1589334707483661.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས10ཉིན་ཀྲུང་གོ་ལྕགས་ལམ་གློག་ཤུགས་ཅན་ཅུའུ་ཡིས་འགན་འཁུར་ནས་སྐྲུན་བཞིན་པའི་ལྷ་ཉིང་ལྕགས་ལམ་སྨན་གླིང220kVའདྲུད་འཐེན་གློག་སྒྱུར་ཁང་ལ་ཞིབ་བཤེར་རྩིས་ལེན་ཐེངས་དང་པོ་བྱས་པ་རེད། ཐེངས་འདིའི་ཞིབ་བཤེར་རྩིས་ལེན་ཐོག་མ་བྱས་པ་ལས་བོད་ལྗོངས་ཀྱི་ས་བབ་མཐོ་བའི་འདྲུད་འཐེན་གློག་སྒྱུར་ཁང་དང་པོ་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ལྷ་ཉིང་ལམ་ཐིག་དུས་ལྟར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མཚོན་ཡོད། སྨན་གླིང་གློག་སྒྱུར་ཁང་བདེ་བླག་ངང་བསྐྲུན་པ་དེས་མཐོ་སྒང་གི་མཐོ་གྲང་རང་བྱུང་ཁོར་ཡུག་འོག་གི་གློག་ཤུགས་ཅན་གྱི་ལྕགས་ལམ་སྐྲུན་པའི་ཉམས་མྱོང་གསར་བ་གསོག་འཇོག་བྱས་ཏེ། འཆར་འགོད་འཛུགས་སྐྲུན་བྱེད་བཞིན་པའི་ཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལས་གཞིར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱེད་ཐུབ། 

ངོ་སྤྲོད་བྱས་པ་ལྟར་ན། སྨན་གླིང220kVའདྲུད་འཐེན་གློག་སྒྱུར་ཁང་དང10kVགློག་བགོད་ཁང་མཉམ་དུ་སྐྲུན་བཞིན་ཡོད་པ་དང་། དེ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་མངའ་ཁོངས་སུ་གནས་ཤིང་། མཚོ་ངོས་ཀྱི་མཐོ་ཚད་སྨི2945ཡོད་པ་དང་། རྒྱ་ཁྱོན་སྨི་གྲུ་བཞི་མ7500ཡོད། 220kVགློག་བགོད་སྒྲིག་ཆས་ལGISསྒྲིག་ཆས་སྤྱད་དེ།  ཕྱི་རོལ་གྱི་ཀྲུང་ལུགས་བཀོད་སྒྲིག་དང་བསྡུར་ན་ལུས་བོངས་ཆུང་བས། སྲུང་སྐྱོང་བྱེད་བདེ་བ་སོགས་ཀྱི་བཟང་ཆ་ལྡན། སྒོ་དབྱིབས་ཀྱི་སྒྲོམ་གཞིར་ལྕགས་སྦུག་ཀ་ཟླུམ་སྤྱད་ཡོད་པ་དང་། དེ་སྔོན་ཆད་ཀྱི་དྲ་མིག་རྣམ་པའི་ཟུར་དབྱིབས་དང་བསྡུར་ན་ཡོམ་འགོག་གི་ཚད་རིམ་ཇེ་མཐོར་སོང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།