བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་སྐོར་གཅིག་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣར་རིན་མེད་ངང་སྒོ་ཕྱེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་སྐོར་གཅིག་གིས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣར་དམིགས་པའི་རིན་མེད་སྲིད་ཇུས་བཏོན་པ་རེད། སྨན་དོན་མི་སྣ(ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ས་ཁུལ་ཚུད་པ)ཚང་མས་གོ་ཆོད་ལག་ཁྱེར(སྨན་པའི་ལག་ཁྱེར་རམ་ཡང་ན་སྨན་གཡོག་ལག་ཁྱེར་སོགས)ལ་བརྟེན་ནས་རིན་མི་དགོས་པར་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱས་ཆོག བྱེད་སྒོའི་དུས་ཚོད་ནི་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེས་པ་ནས2020ལོའི་ཟླ12པའི་ཚེས31ཉིན་བར་རེད།

རྒྱུས་ལོན་བྱུང་བ་ལྟར་ན།  ཆབ་མདོ་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ཀྱི་མཛེས་ལྗོངས་ཁུལ་གྱིས་སྨན་དོན་མི་སྣར་སྤ་སེ་མི་དགོས་པའི་སྲིད་ཇུས་བཏོན་ཡོད། ཆབ་མདོ་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ86ཚང་མས་སྨན་དོན་མི་སྣར་སྤ་སེ་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་ལ། ལྷོ་ཁ་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ19ཡིས་སྨན་དོན་མི་སྣར་སྤ་སེ་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། དེའི་ནང་ལེགས་པོ་ལུང་ཤུར་མཛེས་ལྗོངས་ཁུལ་དང་། གསེར་ཆེན་བླ་མཚོ་མཛེས་ལྗོངས་ཁུལ། ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ། བསམ་ཡས་མཛེས་ལྗོངས་ཁུལ། ཡུམ་བུ་ལྷ་ཁང་མཛེས་ལྗོངས་ཁུལ། ཐུ་བྷོད་གནའ་གྲོང་མཛེས་ལྗོངས་ཁུལ། བྱམས་ཆེན་མཛེས་ལྗོངས་ཁུལ། འབྲི་གུ་མཛེས་ལྗོངས་ཁུལ། རྫ་རིའི་སྐྱེ་ཁམས་མཛེས་ལྗོངས་ཁུལ། སེའུ་ཆུ་ཚན་སོགས་མཛེས་ལྗོངས་ཁུལ་ཡོད། གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ8ཀྱིས་སྨན་དོན་མི་སྣར་སྤ་སེ་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་སོ་སོར་བཀྲ་ཤིས་ལྷུན་དགོན་གྱི་མཛེས་ལྗོངས་ཁུལ་དང་། ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་། ས་སྐྱ་དགོན་གྱི་མཛེས་ལྗོངས་ཁུལ། བསམ་གྲུབ་རྩེ་ཆུས་ཞ་ལུ་དགོན་གྱི་མཛེས་ལྗོངས་ཁུལ། གཏིང་སྐྱེས་རྫོང་འབྲོག་གྲོང་མཛེས་ལྗོངས་ཁུལ། རྒྱལ་རྩེ་རྫོང་གི་ཁ་རུབ་ལ་འཁྱགས་རོམ་མཛེས་ལྗོངས་ཁུལ། རྒྱལ་རྩེ་རྫོང་ཕ་ལྷ་གཞིས་ཀའི་མཛེས་ལྗོངས་ཁུལ། རྒྱལ་རྩེ་རྫོང་གི་དབྱིན་འགོག་རྫོང་རིའི་མཛེས་ལྗོངས་ཁུལ་བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།