བོད་ལྗོངས་ཀྱིས་རོང་འབྲོག་པ་ལས་ཞུགས་སྤོ་སྒྱུར་བྱེད་ཚད་ལོ་འཁོར་དམིགས་འབེན་གྱི32.9%ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་ལྗོངས་ཀྱི་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ཆེད་དོན་ཚན་ཆུང་ནས་རྒྱུས་ལོན་པ་ལྟར་ན། ཟླ5བའི་ཚེས7ཉིན་བར་དུ། ལྗོངས་ཡོངས་ཀྱི་རོང་འབྲོག་པ་ཁྲི19.7ལས་ཞུགས་སྤོ་སྒྱུར་བྱས་ཤིང་། ལོ་འཁོར་དམིགས་འབེན་གྱི32.9%ལེགས་འགྲུབ་བྱས། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར10.1མངོན་འགྱུར་བྱས་པ་དང་། ལོ་འཁོར་དམིགས་འབེན་གྱི24%བཅས་ལེགས་འགྲུབ་བྱས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་མི་ཁྲི3.6ལས་ཞུགས་སྤོ་སྒྱུར་བྱས་ཤིང་། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར1.3སྐྲུན། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་མི་ཁྲི6.6ལས་ཞུགས་སྤོ་སྒྱུར་བྱས་པ་དང་། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར3.5སྐྲུན། ལྷོ་ཁ་གྲོང་ཁྱེར་གྱིས་མི་ཁྲི1.9ལས་ཞུགས་སྤོ་སྒྱུར་བྱས་ཤིང་། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར0.8སྐྲུན། ཉིང་ཁྲི་གྲོང་ཁྱེར་གྱིས་མི་ཁྲི0.8ལས་ཞུགས་སྤོ་སྒྱུར་བྱས་ཤིང་། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར0.3སྐྲུན། ཆབ་མདོ་གྲོང་ཁྱེར་གྱིས་མི་ཁྲི1.8ལས་ཞུགས་སྤོ་སྒྱུར་བྱས་པ་དང་། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར1.1སྐྲུན། ནག་ཆུ་གྲོང་ཁྱེར་གྱིས་མི་ཁྲི4.8ལས་ཞུགས་སྤོ་སྒྱུར་བྱས་ཤིང་། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར2.8སྐྲུན། མངའ་རིས་ས་ཁུལ་གྱིས་མི་ཁྲི0.2ལས་ཞུགས་སྤོ་སྒྱུར་བྱས་ཏེ། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར0.2བཅས་སྐྲུན་ཡོད་པ་རེད།

བོད་ལྗོངས་ཀྱིས་ལས་ཞུགས་བྱ་བ་དམིགས་བསལ་དུ་བཟུང་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་བཅས་སྡེ་ཁག་དྲུག་གིས་མཉམ་དུ《པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ཏེ་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ཇེ་མགྱོགས་སུ་གཏོང་རྒྱུ་དང་རོང་འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》གཏན་འབེབས་བྱས་པ་དང་། ཐོན་ལས་འཕེལ་རྒྱས་དང་། རྣམ་གྲངས་ཀྱི་ལས་མི་སྤྱོད་ཚུལ། ལས་ཞུགས་ཁ་གསབ་སོགས་ཀྱི་ཕྱོགས་ནས་སྲིད་ཇུས་ཀྱི་འགན་སྲུང་བྱ་བར་ཤུགས་བསྣན་ཏེ། ཐག་ཉེ་ས་ནས་སྟབས་བདེ་ངང་ལས་ཞུགས་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་སོ་སོའི་ལས་གཞི་རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་ལ་བརྟེན་ནས། གཅིག་བསྡུས་ངང་ལས་གནས་ཁྱབ་བསྒྲགས་དང་འབྲེལ་མཐུད་སྐྱེལ་འདྲེན་བྱ་བ་ལེགས་པོར་སྒྲུབ་ཏེ། རོང་འབྲོག་པ་མི་ཁྲི6.5ཐག་ཉེ་ས་ནས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཞུགས་ཡོད། རྩ་འཛུགས་ཅན་གྱི་ཕྱིར་གཏོང་བྱ་བ་ནན་ཏན་གྱིས་སྒྲུབ་ཏེ། རོང་འབྲོག་པའི་ཞོར་ལས་མཉམ་འབྲེལ་རུ་ཁག་དང་ངལ་ལས་མཉམ་ལས་རྩ་འཛུགས3332ཡི་ཕན་ནུས་འདོན་སྤེལ་བྱས་པ་བརྒྱུད། ས་ཚིགས་དང་ས་ཚིགས་ཁ་གཏད་དེ་རོང་འབྲོག་པ་མི་ཁྲི3.9ཞོར་ལས་བྱེད་པར་ཕྱིར་གཏོང་བྱས།

རྒྱུས་ལོན་པ་ལྟར་ན། རྗེས་ཕྱོགས་བོད་ལྗོངས་ཀྱིས་ཆེད་དམིགས་ལམ་ལུགས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བྱ་རྒྱུ་དང་། རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་མངོན་འགྱུར་བྱ་རྒྱུ། ཐོན་ལས་ལ་བརྟེན་ནས་ལས་ཞུགས་བརྟན་རླིང་དུ་གཏོང་བ། རྩ་འཛུགས་བརྒྱུད་དེ་ལས་ཞུགས་སྣེ་ཁྲིད་བྱེད་པ། གནད་འཕིགས་གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ། འགན་འཁྲི་ལ་བརྟེན་ནས་ལས་ཞུགས་ལ་འགན་སྲུང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ད་ལོའི་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བ་ལེགས་པོར་སྒྲུབ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།