བོད་ལྗོངས་ཀྱིས་དབང་ཆར་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་བྱ་བར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  རྒྱལ་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་སྤྱི་ལོ2020ལོའི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་།  རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)རྫོང(ཆུས)བཅས་རིམ་པ་གསུམ་གྱི་དབང་ཆར་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ས་གནས་དེ་གའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་དབང་ཆར་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས།  རང་སྐྱོང་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་མ་ཟད་སྤྱི་ལོ2020ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  རིམ་ཁག་ཚན་པ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  འགན་སེམས་ཆེ་རུ་དང་དུས་གཏུག་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་རྒྱུན་སྲིང་ལྷོད་མེད་ངང་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།  ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་དྲག་རྡུང་གི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ།  ཞིང་འབྲོག་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཚམས་སོགས་གཙོ་གནད་ཁྱབ་ཁོངས་མངོན་ཆེར་འཛིན་ནས།  གཙོ་གནད་བཅོས་སྒྲིག་བྱེད་པ་དང་ཞུ་གཏུག་ཐེར་འདོན་བྱ་རྒྱུར་ལྕག་སྐུལ་བྱས་ནས་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ།  གྲོས་མོལ་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔྱད་བསྡུར་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས།  ལྗོངས་ཡོངས་ཀྱི་དབང་ཆར་བཙན་གནོད་དང་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་སྐས་རིམ་གསར་པ་དང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།