ས་མཐོའི་འབྱུང་འཕྲོད་བཟོ་ལས་ཀྱི་འདུ་ཤེས་གཏོད་དེ་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5ཚེས10ཉིན་ནི་ཀྲུང་གོའི་སྤུས་རྟགས་ཉིན་མོ་ཡིན་པ་དང་།  ས་མཐོའི་ཁྱད་ལྡན་ཞིང་འབྲོག་པའི་ཐོན་རྫས་དང་དེ་ནས་ཨར་སྐྲུན་རྒྱུ་ཆའི་དེང་རབས་བཟོ་ལས་ཐོན་རྫས་བར་རང་ལྗོངས་ཀྱི་ཕྱི་ནང་དང་རྒྱལ་ཁབ་ཀྱི་ཕྱི་ནང་ཙམ་མ་ཟད།  འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་པའི་གྲགས་ཅན་སྤུས་རྟགས་འབོར་ཆེན་ཞིག་ཐོན་ཡོད་པ་ལས།  བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ཐུབས་ཀྱི་ཡོད། 

ད་ལྟ་ཡུལ་ལུང་གི་མཚོན་རྟགས་ལྡན་པའི་ཚོང་རྟགས་གྲགས་ཅན་འབོར་ཆེན་ཞིག་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་ལ་ཁྱབ་ཡོད་པ་དང་།  ནས་དང་འབྲི་གཡག  སྤོས།  སྣམ་བུ་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་ནགས་ཚལ་ཐོན་ཁུངས་ཐོན་རྫས།  བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་བཅས་རིགས་བཅུ་ཕྲག་ཁ་ཤས་ལ་ཁྱབ་ནས་སྤུས་རྟགས་གཏོད་པའི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།  ལྷག་པར་དུ་ཉེ་བའི་ལོ་ཤས་རིང་བོད་ཀྱི་ཆུ་བཟང་འཛམ་གླིང་མཉམ་སྤྱོད་ཅེས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་སྤེལ་བས།  བོད་ལྗོངས་ཀྱི་ཆུའི་ཐོན་ལས་འཕེལ་རྒྱས་གང་ལེགས་ཕྱིན་ནས་ཏཱ་ཀྲའོ་གཏེར་ཆུ་སོགས་གྲགས་ཅན་སྤུས་རྟགས་མི་ཉུང་བ་ཞིག་ཐོན་ཡོད། 

བོད་ལྗོངས་ཀྱི་ད་ལྟའི་གཞི་ཁྱོན་ཆེ་ཤོས་ཀྱི་ཨར་འདམ་ཐོན་སྐྱེད་ཁེ་ལས་ཤིག་དང་ལྗོངས་ཡོངས་ཀྱི་འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་བོད་ལྗོངས་མཐོ་རྩོད་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིས།  ཐོག་མཐའ་བར་གསུམ་དུ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཞབས་ཞུ་ལེགས་སུ་བཏང་ནས།  ས་མཐོའི་འབྱུང་འཕྲོད་བཟོ་ལས་ཀྱི་འདུ་ཤེས་གཏོད་དེ་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། 

ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་ཐོན་རྫས་ལ་ཚད་གཞིའི་མ་ལག་གཞི་རྩའི་ཆ་ནས་སྐྲུན་ཟིན་ཏེ།  འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་པའི་ས་མཐོའི་ཁྱད་ལྡན་གྲགས་ཅན་ཐོན་རྫས་དང་རྒྱལ་ཁབ་ཀྱི་ཡུལ་ལུང་མཚོན་རྟགས་སྲུང་སྐྱོང་ཐོན་རྫས།  གྲགས་ཅན་ཚོང་རྟགས།  ཞིང་ལས་ཐོན་རྫས་ཁུལ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁག་གཅིག་ཆགས་པ་བྱས་ནས་སྤུས་ཚད་མཁོ་སྤྲོད་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་གསར་གཏོད་བྱས་ཏེ།  འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་བསྐོང་ནས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་ཐོན་རྫས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།