2020ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་བོད་ལྗོངས་ཡན་ལག་ཚོགས་རའི“གོ་ལའི་གླིང་སྣེ་གསུམ་པའི་བོད་ལྗོངས་སྤྲིན་ཚོམ་འགྲེམས་ཁང”དངོས་སུ་སྒོ་ཕྱེ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གྱི་སྔ་དྲོར། 2020ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་དངོས་སུ་འགོ་ཚུགས་པ་དང་བསྟུན་ནས་བོད་ལྗོངས་ཡན་ལག་ཚོགས་རའི“གོ་ལའི་གླིང་སྣེ་གསུམ་པའི·བོད་ལྗོངས་སྤྲིན་ཚོམ་འགྲེམས་ཁང”ཡང་སྒོ་ཕྱེ་བ་རེད།

ད་ལོ་བོད་ལྗོངས་ཡན་ལག་ཚོགས་རའི“གོ་ལའི་གླིང་སྣེ་གསུམ་པའི·བོད་ལྗོངས་སྤྲིན་ཚོམ་འགྲེམས་ཁང”དུ་ལྗོངས་ནང་ཁུལ་གྱི་རང་བརྟེན་སྤུས་རྟགས་ཀྱི་ཁེ་ལས་ཚན་པ་17དྲ་ཐོག་གི་་འགྲེམས་སྟོན་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ནས། ས་ཁོངས་ཀྱི་ཁྱད་ཆོས་གང་ལེགས་མངོན་པ་དང་བོད་ཀྱི་སྤུས་རྟགས་ཀྱི་གཟུགས་བརྙན་གསར་པ་མངོན་པར་བྱས་ཡོད། “སྤྲིན་ཚོམ་འགྲེམས་སྟོན་ཁང”དུ“རི་ཡི་མཆོག་དང་། ཆུ་བོའི་མཆོག མི་ཡི་མཆོག”བཅས་ཁུལ་ཁོངས་གསུམ་དུ་དབྱེ་ཡོད་པ་དང་། འགྱིང་ངེར་གནས་པའི་བརྗིད་ཆགས་གངས་རིའི་འཁྱགས་རོམ་ལས“ཆེས་དྭངས་གཙང”གི་བོད་ལྗོངས་མངོན་ཞིང་། གཙོ་གནད་ཐོག“གོ་ལའི་གླིང་སྣེ་གསུམ་པའི”ཕུན་སུམ་ཚོགས་པའི་རི་ཆུའི་རང་བྱུང་ཐོན་ཁུངས་དང་མི་ཆོས་ཐོན་ཁུངས་མངོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་རྗེས་2020ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོས“ཀྲུང་གོའི་སྤུས་རྟགས་འཛམ་གླིང་དང་མཉམ་སྤྱོད་དང་། ཕྱོགས་ཡོངས་འབྱོར་འབྲིང་དང་སྤུས་དག་འཚོ་བ། གོ་ལ་ཧྲིལ་པོས་རིམས་ནད་ལ་འགོག་རྒོལ་དང་སྤུས་རྟགས་ཀྱི་སྟོབས་ཤུགས”བཅས་བརྗོད་དོན་གཙོ་བོར་བྱས་ནས་དྲ་སྦྲེལ་ལས་སྟེགས་དང་བརྙན་ལམ་རྟོག་བཟོའི་ལག་རྩལ་སྤྱད་དེ་དྲ་ཐོག་ནས་2020ལོའི་ཀྲུང་གོའི་སྤུས་རྟགས་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་དང་ཀྲུང་གོའི་རང་བརྟེན་སྤུས་རྟགས་འགྲེམས་ཚོགས་གཉེར་བ་དང་། འགྲེམས་ཚོགས་ལ་དྲ་ཐོག་ལྟེ་བའི་འགྲེམས་ཁང་1དང་ས་གནས་འགྲེམས་ཁང་37ཡོད་པ་དང་། བྱེད་སྒོ་དེ་ཟླ་5ཚེས་10ཉིན་ནས་ཚེས་12ཉིན་བར་སྤེལ་རྒྱུ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།