བོད་ལྗོངས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཐོག་མ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ལ་དངོས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་ཐོབ་ནས་བཙུགས་ཤིང་། དེ་ནི་བོད་ལྗོངས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཐོག་མ་ཡིན་ལ་བོད་ལྗོངས་ཀྱི་འགག་སྒོ་ལས་ཁུངས་ཀྱི་དམིགས་བསལ་ལྟ་འདོམས་ས་ཁོངས་ཐོག་མའང་ཡིན་པ་རེད། བསྐྲུན་རྗེས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ནི་བོད་རང་སྐྱོང་ལྗོངས“རྒྱུད་གཅིག་ལམ་གཅིག”གི་མངའ་ཁོངས་དང་མཉམ་འདྲེས་བྱེད་པ་དང་། “བྷང་ག་ལ་དང་། ཀྲུང་གོ རྒྱ་གར། དེ་བཞིན་འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས”དང“ཨེ་ཤེ་ཡ་ལྷོ་མའི་སྐམ་ལམ་གྱི་བགྲོད་ལམ་ཆེན་པོ”སྐྲུན་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་མ་ཟད། ལྷ་ས་གྲོང་ཁྱེར་དེ་ཉིད་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་ལྟེ་བའི་གྲོང་ཁྱེར་དུ་བསྐྲུན་རྒྱུའི་འགག་རྩའི་དམ་འཛིན་བྱེད་སའང་ཡིན་པ་རེད།

ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དེ2016ལོའི་ཟླ་6པ་ནས་འཛུགས་པའི་ལས་དོན་འདུན་ཞུ་བྱེད་འགོ་དངོས་སུ་བཙུགས་ཏེ་2020ལོའི་ཟླ་4ཚེས་27ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་དང་མོས་མཐུན་ཐོབ་ཡོད། མིག་སྔར་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།