2023ལོར་སླེབས་སྐབས་ཁྱོན་ཡོངས་ལ་ཁྱབ་པའི་སྔོན་རྩིས་ལས་རྗེས་དོ་དམ་མ་ལག་སྤྱིའི་ཆར་སྐྲུན་ཟིན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས《སྔོན་རྩིས་ལས་རྗེས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ་དང་། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ངོས་ནས2021ལོའི་ལོ་མཇུག་ཏུ་སླེབས་སྐབས་དང་། གྲོང་ཁྱེར་དང་ས་ཁུལ་རིམ་པའི་ངོས་ནས་2022ལོའི་ལོ་མཇུག་ཏུ་སླེབས་སྐབས། རྫོང(ཆུས)རིམ་པའི་ངོས་ནས་2023ལོའི་ལོ་མཇུག་ཏུ་སླེབས་སྐབས་ཕྱོགས་ཡོངས་ཀྱི་སྔོན་རྩིས་ལས་རྗེས་དོ་དམ་རྣམ་པ་དང་། གོ་རིམ་ཧྲིལ་པོའི་སྔོན་རྩིས་ལས་རྗེས་དོ་དམ་སྦྲེལ་ཐག ཁྱོན་ཡོངས་ལ་ཁྱབ་པའི་སྔོན་རྩིས་ལས་རྗེས་དོ་དམ་མ་ལག་བཅས་སྤྱིའི་ཆར་སྐྲུན་ཟིན་པ་བྱ་རྒྱུའི་སྐོར་གསལ་སྟོན་བྱས་ཡོད།

《བསམ་འཆར》ནང་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ལས་རྗེས་དམིགས་ཚད་དོ་དམ་དང་ལས་རྗེས་འཁོར་རྒྱུག་ལྟ་འདོམས་སོགས་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པའི་དོ་དམ་བྱ་ཐབས་དང་དོ་དམ་བརྒྱུད་རིམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལས་རིགས་ཁག་གི་གཙོ་འགན་སྡེ་ཚན་གྱིས་ལས་རིགས་དབྱེ་བ་དང་། ས་ཁོངས་དབྱེ་བ། རིམ་པ་དབྱེ་བ་བཅས་ཀྱི་ལྟེ་བའི་ལས་རྗེས་དམིགས་ཚད་དང་ཚད་གཞིའི་མ་ལག་འཛུགས་མགྱོགས་སུ་གཏོང་དགོས་པ། ཕྱོགས་གསུམ་པའི་སྒྲིག་གཞི་སྔོན་རྩིས་ལས་རྗེས་དོ་དམ་ལ་ཞུགས་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་མང་མཉམ་འགུལ་གྱི་སྔོན་རྩིས་ལས་རྗེས་དོ་དམ་གྱི་མཉམ་ལས་ལམ་སྲོལ་འཛུགས་དགོས་པ། ནོར་སྲིད་ཀྱི་ལྟེ་བའི་ལས་སྒོ་གཞི་གཅིག་ཅན་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་དྲང་ཕྱོགས་ནས་རིམ་པ་བཞིན་ཚོད་འཛིན་དང་ལྡོག་ཕྱོགས་ནས་དུས་ཐོག་ཏུ་ཚུར་ལན་གྱི་ལས་རྗེས་དོ་དམ་མ་ལག་འགྲུབ་པར་བྱེད་དགོས་པ་བཅས་བསྟན་ཡོད།

《བསམ་འཆར》ནང་སྔོན་རྩིས་ལས་རྗེས་དོ་དམ་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་སྲིད་གཞུང་དང་། སྡེ་ཚན་དང་ཚན་པ་ཁག་གིས་ཕྱོགས་ཡོངས་ནས་སྔོན་རྩིས་ལས་རྗེས་དོ་དམ་གྱི་བྱ་ཐབས་ཞིབ་ཕྲ་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས་སྔོན་རྩིས་ལས་རྗེས་དོ་དམ་གཞི་རིམ་གྱི་ཚན་པ་དང་མ་དངུལ་བེད་སྤྱོད་མཐའ་སྣེར་ཁྱབ་པར་བྱེད་དགོས། སྔོན་རྩིས་ལས་རྗེས་དོ་དམ་ལ་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱག་དགོས། ལས་རྗེས་འགན་འཁྲི་རྩད་གཅོད་ཀྱི་ལམ་ལུགས་དང་སྔོན་རྩིས་ལས་རྗེས་ཆ་འཕྲིན་སྙན་ཞུའི་ལམ་ལུགས་བཙུགས་ཏེ་ལས་རྗེས་ཀྱི་དམིགས་ཚད་བཀོད་སྒྲིག་དང་། ལས་དོན་སྒྲུབ་ཚུལ། ལས་རྗེས་གདེང་འཇོག་བྱས་འབྲས་སོགས་ཀྱི་ལས་རྗེས་ཆ་འཕྲིན་དུས་བཀག་ལྟར་རིམ་མཚུངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས། སྔོན་རྩིས་ལས་རྗེས་དོ་དམ་ལས་ཀའི་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་སྲིད་གཞུང་གིས་སྔོན་རྩིས་ལས་རྗེས་ཀྱི་དཔྱད་ཞིབ་ལམ་ལུགས་དང་དཔྱད་ཞིབ་འབྲས་བུའི་བརྡ་ཁྱབ་ལམ་ལུགས་བཟོས་ཏེ། 2020ལོ་ནས་བཟུང་རང་སྐྱོང་ལྗོངས་སྲིད་གཞུང་གིས་གྲོང་ཁྱེར་དང་། ས་ཁུལ། རང་སྐྱོང་ལྗོངས་བཅས་ཀྱི་རིམ་པ་འདི་གའི་སྡེ་ཚན་དང་ཚན་པ་ཁག་ལ་སྔོན་རྩིས་ལས་རྗེས་དོ་དམ་གྱི་ལས་དོན་སྤེལ་བར་དཔྱད་ཞིབ་བྱེད་དགོས། སྔོན་རྩིས་ལས་རྗེས་དོ་དམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་སྲིད་གཞུང་གིས་སྔོན་རྩིས་ལས་རྗེས་དོ་དམ་སྒྲིག་གཞི་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྔོན་རྩིས་ལས་རྗེས་ཀྱི་དོ་དམ་མི་སྣ་མང་དུ་བཏང་སྟེ། ཕྱོགས་ཡོངས་ནས་སྔོན་རྩིས་ལས་རྗེས་དོ་དམ་ལག་བསྟར་དང་འཚམ་པའི་དོ་དམ་དཔུང་ཁག་འཛུགས་པ། སྔོན་རྩིས་ལས་རྗེས་ཀྱི་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། སྔོན་རྩིས་ལས་རྗེས་དོ་དམ་མི་སྣའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།