བོད་ལྗོངས་ཀྱིས2020ལོའི་དཔྱིད་དུས་ཀྱི་རི་འཛེག་གད་སྙིགས་གཙང་སེལ་བྱེད་སྒོ་སྤེལ་བ།

1.jpg

འདི་ནི་ཇོ་མོ་གླང་མའི་སྒར་ས་ཆེན་མོར་པར་བླངས་པའི2020ལོའི་དཔྱིད་དུས་ཀྱི་རི་འཛེག་གད་སྙིགས་གཙང་སེལ་མཛད་སྒོའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། 2020ལོའི་དཔྱིད་དུས་ཀྱི་རི་འཛེག་གད་སྙིགས་གཙང་སེལ་བྱེད་སྒོ་དེ་ས་བབ་མཐོ་ཚད་སྨི5200ཡོད་པའི་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེན་མོར་སྤེལ་བ་རེད། ཇོ་མོ་གླང་མ་དང་། ཇོ་བོ་དབུ་ཡག་རི་བོ། ཤི་ཤ་སྦང་མ་བཅས་རི་རྩེ་གསུམ་གཙང་སེལ་བྱས་པའི་གད་སྙིགས་རིགས་དབྱེ་ནས་ཕྱིར་སྡུད་བྱས་ཏེ་རི་བོ་གནས་སའི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུར་སྤྲོད་རྒྱུ་དང་། ཕྱིར་བསྡུའི་རི་འཛེག་གད་སྙིགས་ཁག་གཅིག་ཕྱིར་སྡུད་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

ཐེངས་འདིའི་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་དང་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་ཉི་མ་ཚེ་རིང་གིས་རི་བོ་གསུམ་གྱི་གད་སྙིགས་གཙང་སེལ་ལས་དོན་དེ་ཟླ4པའི་ཚེས20ཉིན་སྤེལ་འགོ་ཚུགས་པ་དང་བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་དང་། རི་འཛེག་མཐུན་ཚོགས། བོད་ལྗོངས་གནས་རི་ཀུང་སི། བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་ལམ་ཁྲིད་སློབ་གྲྭ་བཅས་ཀྱིས་གཙང་བཤེར་ལས་དོན་གྱི་འགན་འཁུར་བ་རེད། མིག་སྔར་ཇོ་བོ་དབུ་ཡག་དང་ཤི་ཤ་སྦང་མ་རི་བོའི་རི་འཛེག་གད་སྙིགས་གཙང་སེལ་བྱེད་སྒོ་ལེགས་གྲུབ་ཟིན་པ་དང་ཇོ་མོ་གླང་མའི་རི་འཛེག་གད་སྙིགས་གཙང་སེལ་བྱེད་སྒོ་ཟླ6པ་བར་སྤེལ་རྒྱུ་རེད།

2.jpg

    འདི་ནི་གད་སྙིགས་གཙང་སེལ་བྱེད་སྒོར་ཞུགས་མཁན་ཚོས་རི་འཛེག་གད་སྙིགས་རླངས་འཁོར་ནང་བཞག་ནས་རི་འདེབས་སུ་དབོར་རྩིས་བྱེད་བཞིན་པ།

3.jpg

འདི་ནི་གད་སྙིགས་གཙང་སེལ་བྱེད་སྒོར་ཞུགས་མཁན་ཚོས་རི་འཛེག་གད་སྙིགས་རླངས་འཁོར་ནང་བཞག་ནས་རི་འདེབས་སུ་དབོར་རྩིས་བྱེད་བཞིན་པ།

4.jpg

    འདི་ནི་གད་སྙིགས་གཙང་སེལ་བྱེད་སྒོར་ཞུགས་མཁན་ཚོས་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེན་མོར་མཉམ་པར་རྒྱག་བཞིན་པ།

5.jpg

    འདི་ནི་ཟླ5པའི་ཚེས11ཉིན་རི་འདབས་སུ་དབོར་འདྲེན་བྱས་པའི་རི་འཛེག་གད་སྙིགས་རེད།

6.jpg

    འདི་ནི་ཟླ5པའི་ཚེས11ཉིན་རི་འདབས་སུ་དབོར་འདྲེན་བྱས་པའི་རི་འཛེག་གད་སྙིགས་རེད།

7.jpg

   འདི་ནི་གད་སྙིགས་གཙང་སེལ་བྱེད་སྒོའི་ནང་ཞུགས་མཁན་ཚོས་ཤི་ཤ་སྦང་མའི་ས་བབ་མཐོ་ཚད་སྨི5114ནས5800བར་གྱི་ས་ཁོངས་སུ་རི་འཛེག་གད་སྙིགས་གཙང་སེལ་བྱེད་བཞིན་པ།

8.jpg

    འདི་ནི་གད་སྙིགས་གཙང་སེལ་བྱེད་སྒོའི་ནང་ཞུགས་མཁན་ཚོས་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་སྨི6500ཡི་ས་ཁོངས་སུ་རི་འཛེག་གད་སྙིགས་གཙང་སེལ་བྱེད་བཞིན་པ།

9.jpg

    འདི་ནི་གད་སྙིགས་གཙང་སེལ་བྱེད་སྒོའི་ནང་ཞུགས་མཁན་ཚོས་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་སྨི6500ཡི་ས་ཁོངས་སུ་རི་འཛེག་གད་སྙིགས་གཙང་སེལ་བྱེད་བཞིན་པ།

10.jpg

    འདི་ནི་གད་སྙིགས་གཙང་སེལ་བྱེད་སྒོའི་ནང་ཞུགས་མཁན་ཚོས་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་སྨི6500ཡི་ས་ཁོངས་སུ་རི་འཛེག་གད་སྙིགས་གཙང་སེལ་བྱེད་བཞིན་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།