བོད་ལྗོངས་ཀྱིས་དྲ་ཐོག་གདན་ཞུའི་ལས་དོན་སྤེལ་ཏེ་སློབ་ཆེན་སློབ་ཐོན་པའི་ལས་ཞུགས་ལ་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བ་དང་5བར།  རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ལྗོངས་མི་སྤྱི་ཐིང་དང་ཚོང་དོན་ཐིང་།  ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་སོགས་ཚན་པ་དང་མཉམ་འབྲེལ་ཐོག་བོད་ལྗོངས་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བ་བརྒྱུད།  ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་པར་དམིགས་པའི་དྲ་ཐོག་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་བ་རེད།

ད་རེས་ཀྱི་གདན་ཞུའི་བྱེད་སྒོའི་ནང་གཙོ་བོ་སྡོད་ཁང་འཛུགས་སྐྲུན་དང་ཡུལ་སྐོར།  ཚོང་དོན་བཅས་ཁྱབ་ཁོངས་གསུམ་དང་འབྲེལ་བ་ཡོད་པ་དང་།  ལས་མི་བཀོལ་སྤྱོད་ཚན་པ291གིས་ལས་གནས3050མཁོ་འདོན་བྱས་ཤིང་།  སྤྱི་ཚེས6ཉིན་བར་དྲ་ཐོག་གི་གདན་ཞུ་དེར་ལྟ་མཁན་མི་ཐེངས21000ལྷག་ཙམ་ཟིན་པ་དང་།  ལས་མའི་ངོ་སྤྲོད་རེའུ་མིག་བསྐུར་མཁན12500ལྷག་ཙམ་ཟིན་ཞིང་།  མི569ཡིས་ལས་ཞུགས་གྲོས་མཐུན་བཞག་ཡོད།

དེང་སྐབས།  གདན་ཞུའི་བྱེད་སྒོ་དེ་མུ་མཐུད་སྤེལ་བཞིན་ཡོད་པས་ལྗོངས་ནང་ཁུལ་གྱི་རྒྱ་ཆེའི་སློབ་ཆེན་སློབ་ཐོན་པས་བོད་ལྗོངས་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བར་འཛུལ་ནས་ཐོ་འགོད་བྱས་ཏེ་གདན་ཞུའི་གནས་ཚུལ་ཤེས་རྟོགས་བྱེད་ཆོག  དེ་དང་ཆབས་ཅིག་མིང་ཐོ་བཀོད་ཟིན་པ་ཚོས་ཁ་པར་ཤར་གཏོང་ཐུབ་པ་བྱས་ཏེ་ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པ་དང་དྲ་ཐོག་གདན་ཞུ་དང་ངོ་རྒྱུགས་ཁ་ཆད།  ལས་གནས་གྲོས་མོལ་སོགས་བྱེད་ཆོག་གི་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།