གཞིས་ཀ་རྩེའི་རྒྱལ་རྩེ་རྫོང་གིས་ཆེད་ལས་ཅན་གྱི་གསོ་སྦྱོང་བྱས་ཏེ་གཞི་རིམ་གྱི་རིག་རྩལ་དཔུང་ཁག་སྟོབས་ཆེར་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གཞི་རིམ་གྱི་རིག་གནས་ས་ཚིགས་ཀྱི་གཡུལ་ས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་གཞི་རིམ་གྱི་རིག་རྩལ་དཔུང་ཁག་སྟོབས་ཆེར་བཏང་ནས། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་རིག་གནས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཆེད། ཉེ་ཆར། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རིག་གནས་ཡུལ་སྐོར་ཅུའུ་ཡིས་རྫོང་རིག་རྩལ་ཚོགས་པའི་རིག་རྩལ་ལས་དོན་པར་གསོ་སྦྱོང་བྱེད་འགོ་བཙུགས་ཤིང་། མིག་སྔར་མི་ཐེངས52ལ་གསོ་སྦྱོང་བྱས་ཟིན་ནས་གསོ་སྦྱོང་དེ་ཟླ་6པའི་ཟླ་དཀྱིལ་བར་མུ་མཐུད་བྱ་རྒྱུ་ཡིན་པ་རེད།

གསོ་སྦྱོང་ལ་ཞུགས་མཁན་ཚོས་ད་ཐེངས་ཀྱི་གསོ་སྦྱོང་དེས་ཆེད་ལས་ཀྱི་ཤེས་བྱ་དང་འཁྲབ་རྩལ་ཁོང་དུ་ཆུད་པ་མ་ཟད། སེམས་རྒྱུད་ལའང་སྦྱོང་བརྡར་ཐེབས་ནས་རང་ངོས་ཀྱི་བྱང་ཚད་དང་རང་ངོས་ཀྱི་ཕྱོགས་བསྡུས་ལས་སྒོའི་ནུས་པའང་ཆེ་རུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།