གཞིས་ཀ་རྩེའི་མཛེས་ལྗོངས་ཁུལ20སླར་ཡང་སྒོ་ཕྱེས་པ།

4cadc63a76de4368932e92aa75c107a8.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས་དངུལ་ཆུ་རི་བོའི་མཛེས་ལྗོངས་ཁུལ་སོགས་གྲོང་ཁྱེར་ཡོངས་ཀྱི་རང་བྱུང་རིགས་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ20དག2020ལོའི་ཟླ5པའི་ཚེས1ཉིན་ནས་བཟུང་སླར་ཡང་སྒོ་ཕྱེ་རྒྱུ་ཡིན་ཞིང་། དེའི་ནང་ནས་བཞད་མཐོང་སྨོན་རྫོང་ཆབ་ཁ་ཆུ་ཚན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དང་། ཁང་དམར་རྫོང་གི་གླང་མདུན་གཞིས་ཀ རྒྱལ་རྩེ་རྫོང་གི་རྫོང་རིའི་དབྱིན་འགོག་རྗེས་ཤུལ་གྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ། རྒྱལ་རྩེ་རྫོང་གི་ཕ་ལྷ་གཞིས་ཀ་མཛེས་ལྗོངས་ཁུལ། པ་སྣམ་རྫོང་གི་གཞིས་ཀ་རྩེ་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་། གཏིང་སྐྱེས་རྫོང་གི་ཆགས་མོའི་བྲག་ཕུག་མཛེས་ལྗོངས་ཁུལ་བཅས་རང་བྱུང་རིགས་ཀྱིAརིམ་པའི་མཛེས་ལྗོངས་ཁུལ6གི་ཁང་བའི་ནང་མྱོང་རོལ་གྱི་ཆ་ཤས་དེ་གནས་སྐབས་སུ་སྒོ་དབྱེ་རྒྱུ་མིན་པ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གིས་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་ཐེག་ནུས་ཆེ་ཤོས་ཀྱི30%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་ཡིན་པ་བཅས་བརྡ་ཁྱབ་བཏང་བ་རེད།

timg7QIFTOGL.jpg

timg8MPOZW3K.jpg

གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཛེས་ལྗོངས་ཁུལ་ཁག་གཅིག་གིས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣར2020ལོའི་ལོ་འཁོར་ནངAརིམ་པའི་མཛེས་ལྗོངས་ཁུལ་ལ་སྤ་སེའི་རིན་མི་ལེན་པའི་བྱེད་སྒོ་སྤེལ་ཡོད། བྱེད་སྒོའི་ནང་ཞུགས་པའི་མཛེས་ལྗོངས་ཁུལ་ནི་བཀྲ་ཤིས་ལྷུན་པོ་དགོན་མཛེས་ལྗོངས་ཁུལ(5Aརིམ་པ)དང་། ཇོ་མོ་གླང་མ་རྒྱལ་ཁབ་སྤྱི་གླིང་།(4Aརིམ་པ)ས་སྐྱ་དགོན་མཛེས་ལྗོངས་ཁུལ(4Aརིམ་པ) བསམ་གྲུབ་རྩེ་ཆུས་ཞྭ་ལུ་དགོན་མཛེས་ལྗོངས་ཁུལ(3Aརིམ་པ) གཏིང་སྐྱེས་རྫོང་འབྲོག་གྲོང་རྨུག་རོང་མཛེས་ལྗོངས་ཁུལ(3Aརིམ་པ) རྒྱལ་རྩེ་རྫོང་ཁ་རོ་ལ་འཁྱགས་རོམ་མཛེས་ལྗོངས་ཁུལ(3Aརིམ་པ) རྒྱལ་རྩེ་རྫོང་ཕ་ལྷ་གཞིས་ཀ་མཛེས་ལྗོངས་ཁུལ(3Aརིམ་པ) རྒྱལ་རྩེ་རྫོང་དབྱིན་འགོག་རྫོང་རི་མཛེས་ལྗོངས་ཁུལ(3Aརིམ་པ)བཅས་ཡིན། སྤ་སེའི་རིན་མི་ལེན་པའི་དུས་ཚོད་ནི་སྲིད་གཞུང་གིས་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་དུ་བཅུག་པའི་ཉིན་ནས2020ལོའི་ཟླ12པའི་ཚེས31ཉིན་བར་ཡིན་པ་རེད། 

timg.jpg

དེ་དང་ཆབས་ཅིག་ཏུ་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ད་དུང“བོད་མིས་བོད་དུ་ཡུལ་སྐོར་བྱེད། མྱུར་འགྲོས་ཡུལ་སྐོར་བྱེད་སྒོ”བཏོན་པ་རེད། ཐེངས་འདིའི་བྱེད་སྒོས་བོད་ལྗོངས་ཀྱི“ཡུལ་སྐོར+ཞིང་ལས”ཀྱི་ཞིང་རའི་ཕྱོགས་བསྡུས་སྒྲིག་གཞི་ཐོག་མ་དེ་ཁྱབ་གདལ་བཏང་བ་རེད། “བོད་མིས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོར་སྐུལ་འདེད་གཏོང་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུའུ་ཡིས2020ལོའི་ཟླ6པའི་ཟླ་སྨད་དུ་ལྷ་ས་དང་ལྷོ་ཁ་སོགས་གྲོང་ཁྱེར་དུ་དྲིལ་བསྒྲགས་དང་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ནས་གླིང་ཁུལ་དང་ཡུལ་སྐོར་ལས་དོན་ཁང་བར་མཉམ་ལས་གྲོས་མཐུན་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་བ་སྒྲིག་འཛུགས་ཀྱིས་གླིང་ཁུལ་དུ་ཡུལ་སྐོར་དུ་བསྐྱོད་དེ“ཞིང་རའི་ཕྱོགས་བསྡུས་རྣམ་པའི”ཤུགས་རྐྱེན་ཐེབས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། 

g'gtimg.jpg

timg2L3PKXVI.jpg

timgCAJX2QNV.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།