ལྔ་གཅིག་གུང་གསེང་རིང་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི5ལྷག་སྐྱེལ་འདྲེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ཟླ5བའི་ཚེས1ཉིན་བར་དུ། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ཡིས་ལྗོངས་ཡོངས་ཀྱི་གནམ་གྲུ་སྐྱེལ་འདྲེན་འཕུར་ཐེངས517ལ་ཁག་ཐེག་བྱས་ཡོད་ཅིང་། གནས་སྐོར་བ་མི་ཐེངས55517སྐྱེལ་འདྲེན་བྱས་པ་དང་། དངོས་ཟོག་ཏུན571.5སྐྱེལ་འདྲེན་བྱས། དེ་དང་ཆབས་ཅིག ཟླ5བའི་ཚེས3ཉིན་ནས་བཟུང་དམངས་སྤྱོད་མཁའ་འགྲུལ་གྱིས་དབྱར་སྟོན་དུས་ཚིགས་ཀྱི་འཁོར་སྐྱོད་འཆར་གཞི་སྤེལ་འགོ་བརྩམས་པ་རེད།

དེའི་ཁྲོད་ལྷ་ས་གོང་དཀར་གནམ་གྲུ་འབབ་ཐང་གིས་སྐྱེལ་འདྲེན་འཕུར་ཐེངས363བྱས་པ་དང་། འགྲུལ་བ་མི་ཐེངས43735སྐྱེལ་འདྲེན་བྱས་ཏེ། དངོས་ཟོག་ཏུན493.956སྐྱེལ་འདྲེན་བྱས། ཆབ་མདོ་སྤང་མདའ་གནམ་གྲུ་འབབ་ཐང་གིས་སྐྱེལ་འདྲེན་འཕུར་ཐེངས58བྱས་པ་དང་། འགྲུལ་བ་མི་ཐེངས5066སྐྱེལ་འདྲེན་བྱས་ཏེ། དངོས་ཟོག་ཏུན25.604སྐྱེལ་འདྲེན་བྱས། ཉིང་ཁྲིའི་སྨན་གླིང་གནམ་གྲུ་འབབ་ཐང་གིས་སྐྱེལ་འདྲེན་འཕུར་ཐེངས60བྱས་པ་དང་། འགྲུལ་བ་མི་ཐེངས4099སྐྱེལ་འདྲེན་བྱས་ཏེ། དངོས་ཟོག་ཏུན39.82སྐྱེལ་འདྲེན་བྱས། མངའ་རིས་ཁུན་ཧྲ་གནམ་གྲུ་འབབ་ཐང་གིས་སྐྱེལ་འདྲེན་འཕུར་ཐེངས12བྱས་པ་དང་། འགྲུལ་བ་མི་ཐེངས993སྐྱེལ་འདྲེན་བྱས་ཏེ། དངོས་ཟོག་ཏུན0.131སྐྱེལ་འདྲེན་བྱས། གཞིས་ཀ་རྩེ་ཞི་བདེ་གནམ་གྲུ་འབབ་ཐང་གིས་སྐྱེལ་འདྲེན་འཕུར་ཐེངས24བྱས་པ་དང་། འགྲུལ་བ་མི་ཐེངས1634སྐྱེལ་འདྲེན་བྱས་ཏེ། དངོས་ཟོག་ཏུན11.988བཅས་སྐྱེལ་འདྲེན་བྱས་ཡོད།

 ངོ་སྤྲོད་བྱས་པ་ལྟར་ན། དབྱར་དུས་དང་སྟོན་དུས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞིར་ལྟར། བོད་ལྗོངས་ནང་ཁུལ་གྱི་གནམ་གྲུ་འབབ་ཐང་སོ་སོས་ལྷ་ས་ནས་ཞུས་ཀྲོའུ་བར་དང་། ལྷ་ས་ནས་ཀྲན་ཅང་བར། ཉིང་ཁྲི་ནས་ཀྲུའུ་ཧའེ་བར་སོགས་མཁའ་ལམ7གསར་སྣོན་བྱས། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་སོ་སོ་ནས་པེ་ཅིན་དང་། ཁྲེང་ཏུའུ། ཧྲི་ཅ་ཀྲོང་སོགས་བར་གྱི་དུས་གཏན་གནམ་གྲུ་དུས་མཚུངས་ལས15ཇེ་མང་དུ་སོང་ཡོད་པས་ལྗོངས་ནང་ཁུལ་གྱི་གནམ་གྲུ་འབབ་ཐང་སོ་སོ་རུ་གནམ་གྲུ་ཤར་གཏོང་བྱེད་ཚད་སྔར་ལས་ཇེ་མང་དུ་སོང་ཡོད། དུས་ཚིགས་བརྗེ་རྗེས2020ལོའི་ལྗོངས་ནང་ཁུལ་གྱི་དབྱར་སྟོན་དུས་ཀྱི་གནམ་གྲུའི་འཆར་གཞི2019ལོའི་དུས་མཚུངས་ལས14.9%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།