སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྐས་རིམ་གསར་བར་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཇིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་དང་བཞུགས་མོལ་གནང་སྟེ།  ཐུན་མོང་ཐོག་བོད་སྐྱོར་གྱི་མཛའ་སེམས་གླེང་བ་དང་གོང་འཕེལ་གྱི་ཇུས་བཟང་བཏོན་པ་རེད།

གྲེན་ཡུང་ཇི་ནས་རྒྱ་ཆེའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྲ་བརྟན་དང་གཏིང་ཟབ།  རྒྱ་སྐྱེད།  གསར་གཏོད་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐུལ་ལྕག་གནང་བ་དང་སྦྲགས།  བོད་སྐྱོར་སྨན་བཅོས་ཤེས་ལྡན་པས་རང་ནུས་འདོན་སྤེལ་བྱེད་རྒྱུའི་ཐད་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་ཚན་པ་ཁག་ནས་ཆ་རྐྱེན་སྐྲུན་པ་དང་སྟེགས་བུ་གཏོད་དགོས་ཤིང་།  གོ་མིང་དཔྱད་ཞིབ་འགན་སྲུང་སོགས་ཀྱི་སྲིད་ཇུས་ཐོབ་ཐང་དོན་འཁྱོལ་བྱས་ཏེ་ཁོ་ཚོའི་སེམས་ཁྲལ་ཏན་ཏིག་སེལ་དགོས་པ་དང་།  བཞུགས་མོལ་རིང་ཚང་མས་བཏོན་པའི་གྲོས་འཆར་ལ་དུས་ཐོག་ཏུ་ཞིབ་འཇུག་དང་ལེན་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།