གཞིས་ཀ་རྩེའི་ཞིང་བས་དཔྱིད་འདེབས་ལ་བྲེལ་བཞིན་ཡོད།

འདི་ནི་ཟླ5བའི་ཚེས4ཉིན་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཞིང་བས་ལས་ཀ་ལས་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་ནི་ཡར་ཀླུང་གཙང་པོ་དང་དེའི་ཆུ་ལག་གཙོ་བོ་ཉང་ཆུ་འདྲེས་མཚམས་ཀྱི་ལུང་གཞུང་དུ་ཆགས་ཡོད། དེ་རུ་ཉི་འོད་ཕོག་ཚད་མང་བ་དང་ཞིང་ལས་དར་རྒྱས་ཆེ་བས“བོད་ལྗོངས་ཀྱི་འབྲུ་མཛོད”ཅེས་འབོད་བཞིན་ཡོད། ད་ལྟ་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དང་རྒྱལ་རྩེ་རྫོང་སོགས་སུ་རྒྱ་ཆེའི་ཞིང་བས་ཞིང་ལས་ཀྱི་དུས་ཚོད་དམ་འཛིན་བྱས་ནས་དཔྱིད་འདེབས་བྱ་བ་སྤེལ་བཞིན་ཡོད་དེ། གང་སར་བྲེལ་འཚུབ་ཆེ་བའི་འདེབས་འཛུགས་ཀྱི་རྣམ་པས་ཁེངས་ཡོད།  །

འདི་ནི་ཟླ5བའི་ཚེས4ཉིན་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དམ་འབྱོར་གྲོང་ཚོའི་ཞིང་བ་ཚེ་དབང་གིས་འདྲུད་འཐེན་འཁོར་ལོ་བསྐོར་ཏེ་ཞིང་ས་རྨོ་བཞིན་པའི་ཚུལ་རེད།

འདི་ནི་ཟླ5བའི་ཚེས4ཉིན་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་དམ་འབྱོར་གྲོང་ཚོའི་ཞིང་བ་ཚེ་རིང་གིས་གཡག་ལ་བརྟེན་ནས་ཞིང་ས་རྨོ་བཞིན་པའི་ཚུལ་རེད།

འདི་ནི་ཟླ5བའི་ཚེས4ཉིན་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་གི་ཞིང་བ་བསྟན་འཛིན་གྱིས་འདྲུད་འཐེན་འཁོར་ལོ་བསྐོར་ཏེ་ཞིང་ས་རྨོ་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།