ར་མོ་ཆེའི་བར་ཁྱམས་ཀྱི་ལྡེབས་རིས་ཉམས་གསོ་བྱེད་པའི་ལས་གཞི་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷ་སའི་ར་མོ་ཆེའི་བར་ཁྱམས་ཀྱི་ལྡེབས་རིས་ཉམས་གསོ་བྱེད་པའི་ལས་གཞི་ཕྱོགས་ཡོངས་ནས་ལས་འགོ་བརྩམས་ཤིང་། ལྡེབས་རིས་ཉམས་གསོ་བྱེད་པའི་གཞི་ཁྱོན་སྨི་གྲུ་བཞི་མ334.86ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིག་དངོས་སྲུང་སྐྱོང་ཉམས་གསོའི་ལས་གཞི་ཡིས“ཉམས་གསོ་སོར་བཞག”གི་རྩ་དོན་ལ་ནན་ཏན་གྱིས་དམིགས་ཏེ། ར་མོ་ཆེའི་འོག་རིམ་གྱི་བར་ཁྱམས་ལྡེབས་རིས་སྲུང་སྐྱོང་ཉམས་གསོ་བྱ་རྒྱུ་དང་། སྔོན་དཔག་བྱས་པ་ལྟར་ན་སང་ལོར་ལས་གཞི་མཇུག་སྒྲིལ་རྒྱུ་ཡིན་པ་རེད། ར་མོ་ཆེའི་གཙུག་ལག་ཁང་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་གི་བྱང་ཕྱོགས་ཀྱི་སྨི500ཡི་མཚམས་སུ་གནས་ཡོད་ཅིང་། དུས་རབས7པའི་དུས་དཀྱིལ་གྱི641ལོར་བསྐྲུན་འགོ་ཚུགས་པ་དང་། འུན་ཤིང་ཀོང་ཇོའི་རྩིག་རྨང་བཏིང་ནས་བསྐྲུན་པ་ཡིན། དགོན་པའི་ནང་གཙོ་བོ་ཤཱཀྱ་མུ་ནེ་ལོ8ཀྱི་སྐུ་འདྲ་མཆོད་འབུལ་བྱས་ཡོད་ཅིང་། དེ་མིན་རིག་དངོས་རྩ་ཆེན་མང་པོ་ཡོད། 1962ལོར་ར་མོ་ཆེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཁྱབ་བསྒྲགས་བྱས་ཤིང་། 2001ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་ཁོངས་སུ་ཚུད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།