རྫ་ཆུའི་ངོགས་སུ་སྔོ་ཚལ་བཏབ་ནས་དབུལ་ཐར་ཡོང་བར་བྱས་པ།

༡.jpg

འདི་ནི་ས་གནས་དེ་གའི་སྔོ་ཚལ་རྟེན་གཞིའི་དྲོད་ཁང་ནང་གི་སྔོ་ཚལ་སྐྱེས་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་གིས་སྔོ་ཚལ་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཚོར་སྔོ་ཚལ་དང་ཤིང་འབྲས་བཏབ་པ་དག་སྨར་ཁམས་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་ཟ་ཁང་ལ་མཁོ་སྤྲོད་བྱས་པ་མ་ཟད། སྨར་ཁམས་རྫོང་གི་མང་ཚོགས་ལའང་སྤུས་ཀ་ལེགས་པའི་སྔོ་ཚལ་མཁོ་སྤྲོད་བྱས་པས་ས་གནས་དེ་གའི་མང་ཚོགས་དབུལ་ཐར་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། དེའི་ཁྲོད་རྒྱབ་ཤོད་གྲོང་ཚོའི་སྔོ་ཚལ་རྟེན་གཞིར་ས་ཁྱོན་མུའུ193ཟིན་པ་ལས་དྲོད་ཁང་ཆེན་མོ256བསྐྲུན་པས་དུད་ཚང8ཀྱི་མང་ཚོགས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་ན་ནིང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི3.6བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།