བོད་ལྗོངས་ཀྱི་སྨན་སྤྱོད་ཁ་རས་ཐོན་སྐྱེད་ཚོང་པ་དང་པོ་དེས་བྲེལ་བརྩོན་ཆེན་པོས་ཁ་རས་ཐོན་སྐྱེད་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་གསར་འགོད་པས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཡོད་པའི་བོད་ཀྱི་སྤྱོད་གཅིག་མའི་སྨན་སྤྱོད་ཁ་རས་ཐོན་སྐྱེད་ཚོང་པ་དང་པོ་བོད་ལྗོངས་བདུད་རྩི་རྟགས་ཅན་སྨན་བཅོས་མཁོ་ཆས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དང་པོའི་ཁ་རས་ཐོན་སྐྱེད་འཕྲུལ་འཁོར་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཐེག་ནུས་ཆེ་ཤོས་སྐབས་སུ་ཉིན་རེར་ཁ་རས་ཁྲི་10ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད།

འཁོར་ཁང་གི་ཀྲུའུ་རེན་གཞོན་པ་ཝུའེ་ཡུང་ཧྥུང་གིས་གསར་འགོད་པར་བོད་ཀྱི་སྤྱོད་གཅིག་མའི་སྨན་བཅོས་ཁ་རས་ཐོན་སྐྱེད་ཚོང་པ་དང་པོ་ཡིན་པའི་ཀུང་སི་དེ་2020ལོའི་ཟླ་གསུམ་པར་བཙུཌ་པ་དང་ཟླ་4ཚེས་6ཉིན་སྤྱོད་གཅིག་མའི་སྨན་བཅོས་ཁ་རས་ཐོན་སྐྱེད་བྱེད་འགོ་ཚུཌ་ཡོད། མིག་སྔའི་བར་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དང་པོའི་ཁ་རས་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད། སྔོན་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་ཏུ་ཐོན་སྐྱེད་འཁོར་ཁང་གཉིས་པ་བསྐྲུན་ཟིན་ནས་བདེ་བླག་ངང་ཐོན་སྐྱེད་ཐུབ་རྗེས་འཕྲུལ་འཁོར་12ཡོད་པའི“གཅིག་འདྲེན་གཉིས”ཀྱི་རང་འགུལ་ཐོན་སྐྱེད་སྒྲིག་ཆས་ཀྱིས་ཆུ་ཚོད་24རིང་བར་མཚམས་མེད་པར་ཐོན་སྐྱེད་འགན་ལེན་བྱེད་ཐུབ། སྐབས་དེ་དུས་ཉིན་རེར་སྤྱོད་གཅིག་མའི་སྨན་སྤྱོད་ཁ་རས་ཁྲི་100དང་། བྱིས་པའི་ཁ་རས་ཁྲི་12 N95ཁ་རས་ཁྲི་5བཅས་ཐོན་སྐྱེད་བྱེད་ཐུབ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།