ལྷ་སའི་རྒན་གསོ་ཁང་གི་རྒན་པ་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སྤྱོད་བྱེད་བཞིན་ཡོད།

1587863338519097.jpg

འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ལྔ་སྲུང་གཅིག་བསྡུས་གསོ་སྐྱོང་ཞབས་ཞུ་ལྟེ་གནས་ཀྱི་ཨ་མ་ཚེ་རིང་གཡང་འཛོམས་ཀྱིས་མེ་ཏོག་ལ་ཆུ་གཏོར་བཞིན་པའི་ཚུལ་རེད།  

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་སྔར་ལས་ལྷག་པར་གྲོང་ཁྱེར་ཡོངས་ཀྱི་རྒན་གསོ་ལས་ཁུངས་ཀྱི་ཞབས་ཞུ་དོ་དམ་ཆུ་ཚད་ཇེ་མཐོར་བཏང་སྟེ། རྒན་པ་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ལ་ཤུགས་སྣོན་བྱས། རྒན་པ་རེ་རེར་རྒས་དུས་རྟེན་ས་ཡོད་པ་དང་ཚེ་མཇུག་བདེ་བར་རོལ་བའི་དམིགས་འབེན་ལྟར། རྨང་གཞི་སྒྲིག་ཆས་ཕྱོགས་ཡོངས་ནས་རིམ་སྤར་བྱས་པ་དང་། རྒྱུན་ལྡན་འཚོ་བའི་འགྲོ་འདུག་དང་ལྟ་སྐྱོང་། བཟའ་བཏུང་སོགས་ཀྱི་འཚོ་བའི་ཞབས་ཞུར་ཤུགས་སྣོན་བྱས་སྟེ། ལྔ་སྲུང་གཅིག་བསྡུས་གསོ་སྐྱོང་ཞབས་ཞུ་ལྟེ་གནས་སུ་བསྡད་པའི་རྒན་པ་རྣམས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སྤྱོད་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།