བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་བཅོ་བརྒྱད་གསར་དུ་ཤར་གཏོང་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས3ཉིན་ནས་བཟུང་། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དབྱར་དུས་ཀྱི་འགྲུལ་སྐྱེལ་ལམ་ཐིག་འཁོར་སྐྱོད་བྱེད་འགོ་བརྩམ་རྒྱུ་ཡིན་ཞིང་། བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་ཟིས་གསར་དུ་ལྷ་ས་ནས་མགོ་ལོག་དེ་ནས་ཟི་ལིང་བར་དང་། ཟི་ལིང་ནས་ན་གོར་མོ་བར། ལྷ་ས་ནས་ཁུང་མིན་དང་དེ་ནས་ཧྲན་ཐོའུ/ཆོན་ཀྲུའོ་བར། ལྷ་ས་ནས་ཏ་ལིས/ལི་ཅིང་དང་དེ་ནས་ཧྥུ་ཀྲོའུ་བར། ལྷ་ས་ནས་ཅིན་དབྱང་དེ་ནས་ཞ་མིན་བར་སོགས་མཁའ་ལམ18ཤར་གཏོང་བྱ་རྒྱུ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་གནས་ཚུལ་འོག ད་ལོར་རྒྱལ་ཡོངས་ཀྱི་དབྱར་དུས་ཀྱི་འགྲུལ་སྐྱེལ་ལམ་ཐིག་འཁོར་སྐྱོད་དུས་ཚོད་དེ་ཟླ5བའི་ཚེས3ཉིན་ནས་ཟླ10བའི་ཚེས24བར་ལེགས་སྒྲིག་བྱས་ཡོད།

བོད་ལྗོངས་མཁའ་འགྲུལ་ཚོང་གཉེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། བོད་ལྗོངས་མཁའ་འགྲུལ་གྱི་ཐེངས་འདིའི་དབྱར་དུས་ཀྱི་འགྲུལ་སྐྱེལ་ལམ་ཐིག་ལ་བསྡོམས་པས66ཡོད་པ་དང་། དེའི་ཁྲོད་མཐོ་སྒང་གི་ལམ་ཐིག40ཡོད་ཅིང་། སྔོན་ཆད་ཀྱི་ལམ་ཐིག་སྐོར་ཞིག་ལ་བྱེ་བྲག་ཏུ་ལེགས་སྒྲིག་བྱས་ཡོད་དེ། ཁྲེང་ཏུའུ་ནས་ལན་ཀྲུའོ་དང་། ཁྲེང་ཏུའུ་ནས་ཞ་མིན། ཁྲེང་ཏུའུ་ནས་ཁྲེང་ཧྲ་བཅས་བར་གྱི་ལམ་ཐིག་སླར་གསོ་བྱ་རྩིས་ཡོད་པ་རེད།

 དུས་ཚིགས་བརྗེ་རྗེས་མཁའ་ལམ་མི་འདྲ་བ་དང་དེ་བཞིན་དངོས་སུ་ལག་བསྟར་བྱེད་པའི་དུས་ཚོད་གནས་ཚུལ་དངོས་ལ་དམིགས་ནས་ལེགས་སྒྲིག་བྱ་རྒྱུ་ཡིན་པས། སྐུ་མགྲོན་རྣམས་ཀྱིས་བོད་ལྗོངས་མཁའ་འགྲུལ་གཞུང་ཕྱོགས་དྲ་ཚིགས་དང་། གཞུང་འཕྲིན། ཆུ་ཚོད24རིང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར956096བརྒྱབ་ནས་སྟབས་བདེའི་ངང་སྤ་སེའི་གནས་ཚུལ་འདྲིི་རྟོག་དང་་མངགས་ཉོ་བྱེད་ཐུབ། དེ་མིན་བོད་ལྗོངས་མཁའ་འགྲུལ་ཞིན་ལང་གཞུང་ཕྱོགས་པོད་ཆུང་ལ་དོ་ཁུར་བྱས་ཏེ་དུས་ཐོག་ཏུ་གཟིགས་སྐྱོང་ཆ་འཕྲིན་དང་ཁྱད་ལྡན་ཞབས་ཞུ་རྒྱུས་ལོན་བྱེད་ཐུབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།