བོད་ལྗོངས་ཀྱི་ཁེ་ལས་ཀྱིས་སློབ་ཆེན་སློབ་ཐོན་པའི་མཉམ་སྡེབ་ལས་ཞུགས་ལ་སྐུལ་འདེད་བཏང་།

W020200424395052094156.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་ཆེན་སློབ་ཐོན་པ་ལས་ཞུགས་ཐུབ་ཚད་མཐོ་རུ་གཏོང་ཆེད།  བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ཚོགས་སྒྲིག་རྣམ་པའི་ལས་ཞུགས་བྱ་ཐབས་བཏོན་ནས་གཅིག་བསྡུས་ཐོག་གན་རྒྱ་འཇོག་པ་དང་མངག་གཏོང་བྱེད་པའི་བྱ་ཐབས་བརྒྱུད།  སློབ་ཆེན་སློབ་ཐོན་པའི་མཉམ་སྡེབ་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད།  སྤྱི་ཚེས21ཉིན་བོད་ལྗོངས་བདུད་རྩི་རྟགས་ཅན་སྨན་བཅོས་ཡོ་ཆས་མ་རྐང་ཚད་ཡོད་ཀུང་སིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་སློབ་མ57དང་མཉམ་སྡེབ་ལས་ཞུགས་ཀྱི་གྲོས་མཐུན་བཞག་ཡོད། 

W020200424394991139798.jpg

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཨུ་ཡོན། ཡོན་ཀྲང་གཞོན་པ་ཀྲོང་ཧྲི་ཧུང་ནས།  སླད་ཕྱིན་ང་ཚོས་ཁེ་ལས་ཀྱི་དགོས་མཁོ་གཞིར་བཟུང་སྒོ་དབྱེའི་སློབ་གཉེར་བྱས་ཏེ།  ཐོན་སྐྱེད་དང་སློབ་སྦྱོང་།  ཞིབ་འཇུག་བཅས་གཞི་གཅིག་ཅན་གྱི་རྣམ་པ་བཏོད་དེ་ཁེ་ལས་དང་མཉམ་ལས་བྱེད་རིང་།  ལེགས་ཆ་གསབ་རེས་དང་ཁེ་ཕན་མཉམ་སྤྱོད་ཐུབ་པ་བྱས་ནས་སློབ་གྲྭའི་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་གསོན་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་ཡོད།

ཀུང་སིའི་འགན་འཁུར་བ་ཞུའེ་ཡུན་ནས།  ད་ཐེངས་ཀྱི་གདན་ཞུའི་ནང་ཞུགས་མཁན་ཚང་མ་ནི་དགོས་མཁོ་ཆེ་ལ་ཧ་ཅང་དཀོན་པའི་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་ཤ་སྟག་ཡིན་པ་དང་།  སློབ་མ་ཚོས་སྔོན་ལ་ཟླ་བ་གསུམ་གྱི་ཚོད་ལྟ་བྱེད་རྒྱུ་དང་ཟླ་བ་གསུམ་གྱི་རྗེས་ཕྱོགས་གཉིས་པོའི་མོས་མཐུན་བྱུང་ཚེ་དངོས་སུ་ཁེ་ལས་ཀྱི་ལས་མིར་འགྱུར་རྒྱུ་ཡིན་པས།  སློབ་གྲྭ་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས་ང་ཚོར་མཁོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་སློབ་མ་དང་སློབ་གྲྭ  ཁེ་ལས་བཅས་ཕྱོགས་གསུམ་ལ་ཕན་པ་ཡོང་རེ་བྱེད་ཀྱི་ཡོད་ཅེས་བཤད་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།