སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་སུ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤྱི་ལོ2015ལོའི་ཟླ་བརྒྱད་པ་ནས་སྤེལ་ཚུན།  རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱེད་ཡུལ་ཕྱོགས་གཉིས་ཀས་དགོས་མཁོར་གཞིགས་ཏེ།  སྨན་བཅོས་རྐང་འཛིན་པ་རྒྱུན་མཐུད་གསོ་སྐྱོང་བྱས་ནས་རོགས་སྐྱོར་བྱེད་ཡུལ་སྨན་ཁང་ལ་ཆུ་ཚད་མཐོ་བའི་སྨན་བཅོས་ཤེས་ལྡན་དཔུང་ཁག་སྐྲུན་ཡོད།   

ལོ་ལྔའི་ནང་བོད་སྐྱོར་སྨན་བཅོས་ཆེད་མཁས་པས་བོད་ལྗོངས་ཀྱི་སྨན་བཅོས་ཚོགས་པ826དང་སྨན་དོན་མི་སྣ2354ལ་རོགས་ཁྲིད་བྱས་པ་དང་།  སྨན་བཅོས་རྐང་འཛིན་པ1640གསོ་སྐྱོང་བྱས་ཡོད་པས།  སྨན་པ192ཀྱིས་ཁེར་རྐྱང་ཐོག་བཤགས་བཅོས་སྣེ་ཁ་གཅིག་ནས་གཉིས་བར་བྱེད་ཐུབ་པ་དང་སྨན་པ1027གྱི་གོ་མིང་སྤར་ཐུབ་པ་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།