རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་ཆུའི་སྤུས་ཚད་ལེགས་སུ་བཏང་བ།

timg.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའུ་ཡིས་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་འགོ་ཁྲིད་གཙོ་བོའི་མཐུན་སྦྱོར་དང་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་འོག ཉིན་གསུམ་རིང་འཕྲལ་སྒྲུབ་ལེགས་བཅོས་བྱས་པ་བརྒྱུད། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཆུ་སྨི་རྒྱ་དཔངས་ངོས་གྲུ་ཁྲི51ཙམ་གསབ་སྣོན་བྱས་པ་རེད།

གསར་འགོད་པས་པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དགུན་ཁ་སླེབས་པའི་ཚུན་རྫོང་རྒྱབ་ཀླུ་ཁང་གི་ཆུའི་ཡོང་ཁུངས་གཅིག་པུ་ཡིན་པའི་མ་ཡུར་གྱི་ཆུ་ཉུང་དུ་ཕྱིན་ནས་རྫོང་རྒྱབ་ཀླུ་ཁང་དུ་ཡོང་བའི་ཆུ་ཧ་ཅང་ཉུང་ཉུང་ཆགས་ཤིང་། དེ་བས་ད་ལོར་རྫོང་རྒྱབ་ཀླུ་ཁང་གི་ཆུ་ཐོག་ཏུ་རི་སྐྱེས་བྱ་རིགས་ཀྱང་མང་དུ་ཕྱིན་པས་གྲོང་མི་དང་ཡུལ་སྐོར་བས་བྱ་རིགས་ལ་ཟས་རིགས་མང་པོ་བྱིན་བས་རྫོང་རྒྱབ་ཀླུ་ཁང་གི་ཆུའི་སྤུས་ཚད་ཞན་དུ་སོང་ཡོད།

ftimg.jpg

དེར་བརྟེན་པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའུ་ཡིས་ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་འགོ་ཁྲིད་གཙོ་བོའི་མཐུན་སྦྱོར་དང་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་འོག ཉིན་གསུམ་རིང་འཕྲལ་སྒྲུབ་ལེགས་བཅོས་བྱས་པ་བརྒྱུད། རྫོང་རྒྱབ་ཀླུ་ཁང་ལ་ཆུ་སྨི་རྒྱ་དཔངས་ངོས་གྲུ་ཁྲི51ཙམ་གསབ་སྣོན་བྱས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། པོ་ཏ་ལའི་ཐང་ཆེན་དོ་དམ་ཁྲུའུ་ཡིས་མི་ཐེངས150ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཆུ་ངོས་དང་ཆུ་འགོར་ལྷུངས་པའི་གད་སྙིགས་ཁྱོན་ཏུན2.4ཙམ་གཙང་སེལ་བྱས་པ་དང་། ཆུ་འགྲོ་ས4གཙང་སེལ་དང་ཉམས་གསོ་བྱས་པ། མི4ལ་མ་ཡུར་ནས་རྫོང་རྒྱབ་ཀླུ་ཁང་བར་གྱི་ཆུ་འགྲོ་ས་དང་མདོང་ལམ་ཁག་གི་གད་སྙིགས་གཙང་སེལ་གྱི་ལས་འགན་འཁུར་དུ་བཅུག་ནས་ཆུ་ཤར་གཏོང་ཡོང་བར་འགན་ལེན་བྱས་ཡོད། དུས་མཚུངས་སུ་དྲན་སྐུལ་བྱང་བུ11བཙུགས་ནས་གྲོང་མི་དང་ཡུལ་སྐོར་བར་ཆུ་ནང་དུ་ཟས་རིགས་དབྱུགས་མི་ཆོག་པའི་ཁ་ཏ་བསླབ་བྱ་བྱས་ཡོད།

timgKD8C5OA7.jpg

པོ་ཏ་ལའི་ཐང་ཆེན་གྱི་དོ་དམ་ཁྲུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་འཕྲལ་སྒྲུབ་ལེགས་བཅོས་བྱེད་རིང་། ཁྲེང་ཀོན་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་ཆེད་མི་མངགས་ཏེ་ཀླུ་ཁང་ནང་དངོས་སྡོད་ཀྱིས་ཕྱོགས་ཁག་གི་ལས་དོན་ལ་མཐུན་སྦྱོར་ཡོང་བ་བྱས་ཡོད། གྲོང་ཁྱེར་དོ་དམ་སྡེ་ཚན་གྱིས་བྱ་ཟས་བར་ཚོང་རྒྱག་མཁན་ཕྱིར་འབུད་བྱས་པ་དང་མང་ཚོགས་ལ་ཆུ་ནང་དུ་ཟས་དབྱུགས་མི་ཆོག་པའི་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུའུ་ཡིས་ཀྱང་སྤྱི་གླིང་ལ་མི་ཐེངས་མང་མངགས་ཏེ་ཆུའི་སྤུས་ཚད་ལ་ལྟ་སྐུལ་ཚད་ལེན་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།