བོད་ལྗོངས་ཀྱིས2020ལོའི་དམངས་ཡོངས་དཔེ་ཀློག་བྱ་འགུལ་རབ་དང་རིམ་པ་སྤེལ།

1587690376982399.jpg

དང་བླངས་པས་འཕྱོངས་རྒྱས་གྲོང་རྡལ་སློབ་ཆུང་གི་སློབ་མར་སློབ་སྦྱོང་ཡོ་བྱད་སྤྲད་པའི་བྱ་འགུལ་སྤེལ་བཞིན་པ།

1587690393120777.jpg

 ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སློབ་གསོ་ཅུའུ་ཡི་ལས་བྱེད་པས་ཏང་ཡོན་བྱེད་སྒོའི་ཁང་དུ་དཔེ་ཀློག་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས25བ་ཡིན་ཞིང་། བོད་ལྗོངས་ཀྱི་ས་གནས་སོ་སོའི་བརྗོད་དོན་ཉིན་མོའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད། ཉིན་དེར། བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་བོད་ལྗོངས་ཞིན་ཧྭ་དཔེ་ཁང་དུ2020ལོའི”ཤེས་དཔལ་བོད་ལྗོངས“ཞེས་པའི་དམངས་ཡོངས་དཔེ་ཀློག་གི་བྱ་འགུལ་སྤེལ་བའི་མཛད་སྒོ་བསྡུས།

ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད་བོད་ལྗོངས་ཀྱིས2020ལོའི“ཤེས་དཔལ་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་སྤེལ་འགོ་ཚུགས་པ་རེད། ངོ་སྤྲོད་བྱས་པ་ལྟར་ན། རྗེས་མར་བོད་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་དགོང་ཚོགས་དང་། སྙན་ངག་གྱེར་འདོན། དཔེ་ཁང་འཛུགས་སྐྲུན། དཔེ་ཀློག་རྩོམ་བསྡུ། དཔྱད་བསྡུར་འོས་སྦྱོར་སོགས་བྱ་འགུལ་རབ་དང་རིམ་པ21སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི“དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་ཀློག་ལ་མཁས་བ”བཅས་ཀྱི་ཤེས་དཔལ་སྲོལ་བཟང་ཧུར་ཐག་གིས་སྐྲུན་ནས། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ལེན་པ་དང་། དབུལ་ཐར་མཁྲེགས་གཏོར་བྱེད་པའི”དམིགས་འབེན་ལས་འགན་ལ་བསམ་བློའི་འགན་ལེན་དང་། བསམ་པའི་སྒུལ་ཤུགས། རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།