གཞིས་ཀ་རྩེས་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་ཁྲིད་སྦྱོང་རྟེན་གཞིའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གཞིས་ཀ་རྩེ་གྲོང་ཁྱེར་རིག་གནས་ཅུའུ་ཡིས་སྐོར་གསུམ་པའི་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས་ཀྱི་ཁྲིད་སྦྱོང་རྟེན་གཞི་ལ་ནན་ཏན་གྱིས་ལེགས་འདེམས་བྱས་ཤིང་། མཇུག་མཐར་བྱེའུ་སྒང་ཐང་གའི་སྒྱུ་རྩལ་རྟེན་གཞི་སོགས་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས20སྐོར་གསུམ་པའི་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས་ཀྱི་ཁྲིད་སྦྱོང་རྟེན་གཞི་རུ་འོས་སྦྱོར་བྱས།

རྒྱུས་ལོན་པ་ལྟར་ན། གཟུགས་འདས་ཤུལ་བཞག་རྣམ་གྲངས་ཁྲིད་སྦྱོང་རྟེན་གཞི་ནི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོའི་རྣམ་གྲངས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་སུ་གཏོང་བའི་གནས་ཡུལ་དང་གཞི་རྟེན་གལ་ཆེན་ཡིན་ཞིང་། མིག་སྔའི་བར་དུ་གཞིས་ཀ་རྩེ་གྲོང་ཁྱེར་དུ་བསྡོམས་པས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི1ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི2། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་ཁྲིད་སྟོན་རྟེན་གཞི23། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སློབ་རར་བསྐྱོད་པའི་དཔེ་སྟོན་རྟེན་གཞི2། གྲོང་ཁྱེར་རིམ་པའི་དཔེ་སྟོན་རྟེན་གཞི8བཅས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།