ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་སླད་གྲོང་ཚོས་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ལ་སྐུལ་འདེད་བཏང་སྟེ། ཟམ་པ་དང་གཞུང་ལམ་ཞིག་གསོ་བྱས་ནས་ཁང་གསར་ལས་པ་དང་། མགྲོན་ཁང་ཕྱེ་བ། ཁྱད་ཐོན་དངོས་རྫས་བཙོང་སྟེ་ཁྱིམ་ཚང་རེ་རེས་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་རོལ་བ་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད། །
འདི་ནི་ལེགས་འགྲུབ་བྱས་པའི་སླད་མོན་པ་མི་རིགས་ཤང་སླད་གྲོང་ཚོ་རུ་ལྗོན་ཤིང་གིས་ཁྱབ་པ་དང་མེ་ཏོག་གི་དྲི་བསུང་འཐུལ་བའི་རྣམ་པ་རེད།
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་སླད་གྲོང་ཚོས་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མཐའ་མཚམས་སུ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས།