བོད་ལྗོངས་ཀྱིས་འགན་བཅོལ་ཁྲོད་ཞུགས་པའི་ཁེ་ལས་ཀྱི་ལས་བཟོ་བ66ལ་ནུས་རྩལ་མཐོར་འདེགས་ཀྱི་ཁ་གསབ་མ་དངུལ་རྩིས་སྤྲོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་བྱ་བ་མགྱོགས་མྱུར་ངང་སྒྲུབ་པ་དང་། ཁ་གསབ་བྱེད་དགོས་པ་ཡོད་ཚད་ཁ་གསབ་བྱེད་པ་ལག་བསྟར་བྱས་ཏེ། འགན་བཅོལ་ཁྲོད་ཞུགས་པའི་ཁེ་ལས་ཀྱི་ལས་བཟོ་བ66ལ་ནུས་རྩལ་མཐོར་འདེགས་ཀྱི་ཁ་གསབ་མ་དངུལ་བསྡོམས་པས་སྒོར་ཁྲི11རྩིས་སྤྲོད་བྱས།

བོད་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།འགན་བཅོལ་ཁྲོད་ཞུགས་པའི་ལས་བཟོ་བར་ནུས་རྩལ་མཐོར་འདེགས་ཁ་གསབ་མ་དངུལ་སྟེར་བའི་སྲིད་ཇུས་ལ་ལས་བཟོ་བའི་ལས་རིགས་ནུས་རྩལ་ཆུ་ཚད་ལས་རིགས་སྒྱུར་བའི་ནུས་བ་ཇེ་མཐོར་གཏོང་བར་སྣེ་ཁྲིད་དང་། འགོ་ཁུངས་ནས་ལས་ཤོར་ཇེ་ཉུང་དུ་གཏོང་བ། ལས་ཞུགས་བརྟན་རླིང་དུ་གཏོང་བ། ལག་རྩལ་པའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ཕན་ནུས་ལྡན་པ་མ་ཟད། བོད་ལྗོངས་ཀྱི་ཐོན་ལས་ཚུལ་སྒྱུར་རིམ་སྤར་བྱེད་པར་འཇོན་མིའི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད་ལ། ལས་ཤོར་འགན་བཅོལ་ལ་བརྟེན་ནས་ལས་ཤོར་སྔོན་འགོག་བྱེད་པ་དང་ལས་ཞུགས་ཇེ་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་ཟེར།

རྒྱུས་ལོན་པ་ལྟར་ན། 《བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་བོད་ལྗོངས་ནོར་སྲིད་ཐིན་གྱི〈ལས་ཤོར་འགན་བཅོལ་གྱིས་འགན་བཅོལ་ཁྲོད་ཞུགས་པའི་ལས་བཟོ་བར་ལས་རིགས་ནུས་རྩལ་མཐོ་འདེགས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་བརྡ་སྦྱོར〉》སོགས་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་ལྟར་ན། བོད་ལྗོངས་སྲིད་འཛིན་མངའ་ཁོངས་སུ་ཁྲིམས་ལྟར་ལས་ཤོར་འགན་བཅོལ་ཁྲོད་ཞུགས་ནས་བསྟུད་མར་གྲངས་འབོར་ཚང་བའི་སྒོ་ནས་ཟླ12ཀྱི་ལས་ཤོར་འགན་བཅོལ་དངུལ་སྤྲད་པར། 2017ལོའི་ཟླ1པོའི་ཚེས1ཉིན་བཟུང་དམའ་རིམ(རིམ་པ་ལྔ་བ)དང་། འབྲིང་རིམ(རིམ་པ་བཞི་བ)། མཐོ་རིམ(རིམ་པ་གསུམ་པ)བཅས་ཀྱི་ལས་རིགས་ཐོབ་ཐང་དཔང་ཡིག་དང་ལས་རིགས་ལག་རྩལ་རིམ་ལྡན་དཔང་ཡིག་བླངས་ཡོད་པའི་ཁེ་ལས་ཀྱི་ལས་བཟོ་བར་ཁ་གསབ་སྟེར་བར་དམའ་རིམ་དང་། འབྲིང་རིམ། མཐོ་རིམ་བཅས་སོ་སོར་སྒོར1000རེ་དང་། སྒོར1500རེ། སྒོར2000རེ་བཅས་ཀྱི་ཚད་གཞི་ལྟར་རྩིས་སྤྲོད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།